བདུན་རེའི་གློག་བརྙན་འཕྲིན་གསར་ཕྱོགས་བསྡུས།

1659250240344856.jpg

        སྤྱི་ཟླ༧པའི་ཚེས༣༠ཉིན། གཟའ་སྤེན་པ། འཁྲབ་ཁྲིད་པ་ལྷ་དཔལ་རྒྱལ་གྱི་གློག་བརྙན་བརྩམས་ཆོས་གསར་པ«གེ་སར་རྟ་རྫི»ཞེས་པFIRSTན་གཞོན་གློག་བརྙན་འགྲེམས་སྟོན་བརྒྱུད་ནས་རྒྱལ་ནང་དུ་ཐོག་དང་པོར་གཟིགས་འབུལ་བྱས། འཁྲབ་ཁྲིད་པ་གཙོ་བྱས་པའི་ཕབ་སྐྲུན་ཚོ་ཆུང་ལ་རྟེན་འབྲེལ་ཞུ།

1659250501593236.jpg

       སྤྱི་ཟླ༧པའི་ཚེས༣༠ཉིན། གཟའ་སྤེན་པ། སྐབས་བཅུ་གཉིས་པའི་པེ་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་པེ་ཅིན་ཁྲོམ་རའི་ལས་གཞི་གསར་ཞུགས་ཁྲོད་ཚུད་པའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། འཁྲབ་ཁྲིད་པ་ཚེ་རིང་དབང་ཕྱུག་གི་བརྩམས་ཆོས་གསར་པ«གའུ»མཐའ་མའི་མིང་ཐོ་ཁྲོད་ཚུད་འདུག རྟེན་འབྲེལ་ཞུ།

1659250559105767.jpg

         སྤྱི་ཟླ༧ཚེས༢༩ཉིན། གཟའ་པ་སངས། སྔོན་མའི་བདུན་ཕྲག་དེའི་ནང་ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོལ་མའི་བརྩེ་དུང་གཏམ་རྒྱུད་«ཏཱ་ནི་སྟོད་ཀྱི་ནམ་མཁའ»ཞེས་པ་གློག་བརྙན་དུ་ཕབ་ནས་མི་འགྱངས་བར་དྲ་ལམ་ནས་གཏོང་རྒྱུ་ཡིན་པའི་གནས་ཚུལ་བཀོད་ཟིན། ཐེངས་འདིར་ཡང་བོད་ཀྱི་དམངས་ཁྲོད་བརྩེ་དུང་གཏམ་རྒྱུད་རྒན་གྱའི་སྐར་མ་དང་སྨན་ཚང་ཚེ་སྐྱིད་ཞེས་པ་གློག་བརྙན་དུ་བཅོས་ནས་ཕབ་སྐྲུན་ལེགས་འགྲུབ་བྱུང་བའི་གནས་ཚུལ་འབྱོར་ཅིང་། «རྒན་གྱའི་སྐར་མ»ཞེས་པའི་གློག་བརྙན་འདི་མི་འགྱང་བར་སྨྲ་འོད་བརྙན་གཏོང་མ་ལག་གི་གློག་བརྙན་ཐད་གཏོང་ཁང་ནས་གཏོང་རྒྱུ་རེད། ཀུན་གྱིས་ཐུགས་འཇགས་འཚལ། འཁྲབ་ཁྲིད་པ། དར་རྒྱས། གཙོ་འཁྲབ་པ། ཚེ་བརྟན། འབྲུག་མོ་ཚེ་རིང་། ཡ་མ་རྡོ་རྗེ།

1659250671259008.jpg

     སྤྱི་ཟླ༧ཚེས༢༩ཉིན། གཟའ་པ་སངས། འདི་གར་ཤེས་གསལ་བྱུང་བ་ལྟར་ན། འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གྱི་ལས་གཞི་གསར་པ་ཞིག་སྟེ་གཏམ་རྒྱུད་གློག་བརྙན«དབྱིན་ལེ་བཅུ་བདུན»༼ 十七英里ཁ་བྱང་འདི་ནི་རྩོམ་སྒྲིག་པས་བསྒྱུར། ༽ ཞེས་པ་རྒྱལ་ཁབ་གློག་བརྙན་ཅུས་ཀྱིས་ཕབ་བསྐྲུན་ཆོག་མཆན་བཀོད་འདུག

1659250769838861.jpg

      སྤྱི་ཟླ༧པའི་ཚེས༢༩ཉིན། འཁྲབ་ཁྲིད་པ་བདུད་རྩི་སྐྱིད་ཀྱི་གློག་བརྙན་གསར་པ«སྨོན་ལམ་གཙང་པོའི་ཕ་རོལ»FIRSTན་གཞོན་གློག་བརྙན་འགྲེམས་སྟོན་གློག་བརྙན་ཁྲོམ་རའི་ཐོན་ལས་སྟེང་གཟིགས་འབུལ་བྱས།

1659250834692983.jpg

          སྤྱི་ཟླ༧ཚེས༢༨ཉིན། གཟའ་ཕུར་བུ། ཁྲིན་ཀའོ་ཞིན་དང་ལྷ་དཔལ་རྒྱལ་གཉིས་ཀྱིས་ཕབ་བསྐྲུན་བྱས་པའི་གློག་བརྙན་གསར་པ«ལོ་ཁུངས་དང་འཇིགས་མེད»ཅེས་པ་པེ་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་བཅུ་གཉིས་པའི་གཙོ་འགྲན་སྡེ་ཚན་དུ་ཚུད་པའི་གཏམ་བཟང་འབྱོར། སྐབས་དེར་གློག་བརྙན་རྩེ་གྲ་དང་འཁྲབ་ཁྲིད་པ་རྩེ་གྲ འཁྲབ་སྟོན་པ་རྩེ་གྲ་སོགས་བྱ་དགའི་རྣམ་གྲངས་དགུ་ལ་བརྩོན་ལེན་བྱེད་རྒྱུ་རེད། འཁྲབ་སྟོན་པ། སུང་ཡང་། སྤྱིན་པ།

1659250875486345.jpg

     སྤྱི་ཟླ༧པའི་ཚེས༢༨ཉིན། གཟའ་ཕུར་བུ། འཇིགས་མེད་འཕྲིན་ལས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན«གཅིག་དང་བཞི»ཞེས་པFIRSTན་གཞོན་གློག་བརྙན་འགྲེམས་སྟོན་བརྒྱུད་ནས་རྒྱལ་ནང་དུ་ཐོག་དང་པོར་གཟིགས་འབུལ་བྱས། འཁྲབ་སྟོན་པ། སྤྱིན་པ། ཝང་ཀྲིན།

1659250928260084.jpg

        སྤྱི་ཟླ༧པའི་ཚེས༢༧ཉིན། གཟའ་ལྷག་པ། འཇིགས་མེད་འཕྲིན་ལས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན«གཅིག་དང་བཞི»ཞེས་པ་ཧོང་ཁོང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་ཞེ་དྲུག་པའི〝མེ་བྱ་རྟགས་མའི〞གསར་བྱུང་གློག་བརྙན་སྡེ་ཚན་དུ་ཚུད་པའི་གཏམ་བཟང་འབྱོར། རྟེན་འབྲེལ་ཞུ།

1815904683.jpg

      སྤྱི་ཟླ༧པའི་ཚེས༢༧ཉིན། གཟའ་ལྷག་པ། FIRSTན་གཞོན་གློག་བརྙན་འགྲེམས་སྟོན་སྐབས་བཅུ་དྲུག་པ་ཉིན་མ་འདིར་དངོས་སུ་མཚོ་སྔོན་ཟི་ལིང་ནས་སྒོ་མོ་ཕྱེ་ཞིང་། བརྙན་འགྲེམས་དུས་སྟོན་སྟེང་དུ་འཇིགས་མེད་འཕྲིན་ལས་ཀྱི་གློག་བརྙན«གཅིག་དང་བཞི» ལྷ་དཔལ་རྒྱལ་གྱི«གེ་སར་རྟ་རྫི» དར་རྒྱས་བསྟན་འཛིན་གྱི«ཁྱི་རྒན་བཀྲ་ཤིས» བདུད་རྩི་སྐྱིད་ཀྱི«སྨོན་ལམ་གཙང་པོའི་ཕ་རོལ» ད་དུང་རྟ་མགྲིན་དབང་རྒྱལ་གྱི«དབང་མོ་དབྱར་ཁ»སོགས་རྒྱ་ཆེའི་ལྟད་མོ་བའི་མིག་ལམ་དུ་བཀྲམ་ཤིང་། ད་ལོ་ནི་སྔོན་མ་དང་མི་འདྲ་བར། གཞོན་སྐྱེས་འཁྲབ་ཁྲིད་པའི་གློག་བརྙན་དུས་ཆེན་ཞིག་ཏུ་ངོས་འཛིན་གྱིན་འདུག ཁོང་ཅག་ལ་ལྷག་བསམ་ཟོལ་མེད་ངང་རྟེན་འབྲེལ་ཞུའོ།།

1548156863.jpg

         སྤྱི་ཟླ༧་པའི་ཚེས༢༧ཉིན། གཟའ་ལྷག་པ། དམེ་ཚང་རྟ་ཁོའི་གློག་བརྙན«བློ་བཟང་དང་གཡག་རྒན»ཞེས་པ་སྤྱི་ཟླ༧པའི་ཚེས ཉིན་བར་དུ་ཨ་རིའི་ཅ་ཀྲོའུ་སློབ་ཆེན་ལུའོ་ཧྲན་ཅིའི་ཡན་ལག་སློབ་གླིང་དུ་འགྲེམ་སྟོན་བྱེད་འཆར་འདུག

1659251198584758.jpg


       སྤྱི་ཟླ༧པའི་ཚེས༢༦ཉིན། གཟའ་མིག་དམར། ར་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་གློག་བརྙན་ཆེད་སྦྱོང་འཛིན་གྲྭ་དང་དབྲ་ཁྱུང་ཚང་གཉིས་མཉམ་འབྲེལ་ངང་སྤེལ་བའི་ཉིན༡༣རིང་༼ བདག་གིས་གཙང་གསུམ་འབྱུང་ཁུངས་ལ་བལྟ ༽ ཞེས་པའི་ཡུལ་སྡེའི་གློག་བརྙན་ལས་གཞི་བདེ་ལེགས་ངང་ཡོངས་སུ་མཇུག་རྫོགས། ཐེངས་འདིའི་ཟབ་སྦྱོང་ཁྲོད་སློབ་བུ་དག་གིས་དངོས་བཤུས་བརྙན་ཐུང་ལྔ་ལེགས་འགྲུབ་བྱུང་འདུག

1659251229541942.jpg

1659251321251305.jpg

        སྤྱི་ཟླ༧པའི་ཚེས༢༥ཉིན། གཟའ་ཟླ་བ། ༢༠༢༢ལོའི་ནེ་ཛུ་ལན་ཡ་ཞི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་ཐོག་མའི་དཔྱད་འདེམས་བརྒྱུད་ནས་བདམས་ཐོན་བྱུང་བའི་བརྩམས་ཆོས་དག་གི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། དགའ་འོས་པ་ཞིག་ལ་འཁྲབ་ཁྲིད་པ་ཐེག་ལོའི་གློག་བརྙན«སྦྲ་ནག»ཞེས་པ་འོས་མིང་དུ་ཚུད་འདུག རྟེན་འབྲེལ་ཞུ། འཁྲབ་ཁྲིད་པ། ཐེག་ལོ། གཙོ་འཁྲབ་པ། དགེ་འདུན་ཕུན་ཚོགས། ལྷ་སྐྱིད། གཡང་ཕྱུག་འཚོ།

1659251368116185.jpg


གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས།

དཔྱད་མཆན་ཡོད།