བདུན་རེའི་གློག་བརྙན་འཕྲིན་གསར་ཕྱོགས་བསྡུས།

1660463745605930.jpg

        སྤྱི་ཟླ༨པའི་ཚེས༡༣ཉིན། གཟའ་སྤེན་པ། པེ་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་བཅུ་གཉིས་པ་འཆར་ཅན་ལྟར་པེ་ཅིན་ནས་མཛད་སྒོ་བསྡུས་ཤིང་། འཁྲབ་ཁྲིད་པ་ཁྲིན་ཀོ་ཞིན་དང་ལྷ་དཔལ་རྒྱལ་གཉིས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན«ལོ་ཁུངས་དང་འཇིགས་མེད»ཅེས་པ་ཐེངས་འདིའི་དུས་ཆེན་དུ་ཞུགས་ཤིང་། ཉིན་འདིར་ཕབ་བསྐྲུན་ཚོ་ཆུང་ས་གདན་དམར་པོའི་སྟེང་བསྐྱོད་ཅིང་། གཞན་པའི་བྱ་འགུལ་ཁག་ལའང་མཉམ་ཞུགས་གནང་། ཤེས་གསལ་ལྟར་ན། གློག་བརྙན་འདི་ཐེངས་འདིའི་གཙོ་འགྲན་སྡེ་ཚན་དུ་ཚུད་ཡོད་ལ། སྐབས་དེར་གློག་བརྙན་རྩེ་གྲ་དང་འཁྲབ་ཁྲིད་པ་རྩེ་གྲ འཁྲབ་སྟོན་པ་རྩེ་གྲ་སོགས་བྱ་དགའི་རྣམ་གྲངས་དགུ་ལ་བརྩོན་ལེན་བྱེད་འཆར་འདུག དུས་དེར་བྱ་དགའ་མི་དམན་པ་ཞིག་ལོན་པའི་སྨོན་འདུན་ཡང་ཡང་ཞུ།

1660463850895061.jpg

1055909990.jpg

         སྤྱི་ཟླ༨པའི་ཚེས༡༢ཉིན། གཟའ་པ་སངས།  པེ་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་བཅུ་གཉིས་པའི་ལས་གཞི་གསར་ཞུགས་མིང་ཐོ་ཡོངས་སུ་ཁྱབ་བསྒྲགས་བྱས་ཤིང་། ཐེངས་འདིའི་བགྲོ་གླེང་ལས་གཞིའི་ཁོངས་སུ་ཚེ་རིང་དབང་ཕྱུག་གིས་འཁྲབ་ཁྲིད་བྱས་པའི་གློག་བརྙན«གའུ»ཞེས་མཐའ་མའི་ལས་གཞིའི་ཁོངས་སུ་ཚུད་འདུག སྤྱི་ཟླ༨པའི་ཚེས༡༤ཉིན་དངོས་སུ་བགྲོ་གླེང་བྱེད་འཆར་འདུག

 1660464034118122.jpg

        སྤྱི་ཟླ༨པའི་ཚེས༡༢ཉིན། གཟའ་པ་སངས།  པེ་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་བཅུ་གཉིས་པའི་ལས་གཞི་གསར་ཞུགས་མིང་ཐོ་ཡོངས་སུ་ཁྱབ་བསྒྲགས་བྱས་ཤིང་། ན་གཞོན་འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ་གངས་རྒྱལ་མགོན་པོ་བཀྲ་ཤིས་ཀྱིས་འཁྲབ་ཁྲིད་གནང་བའི་གློག་བརྙན«ཤེའུ»ཞེས་པ་ཐེངས་འདིའི་བགྲོ་གླེང་ལས་གཞིའི་ཁོངས་སུ་ཚུད་འདུག སྤྱི་ཟླ༨པའི་ཚེས༡༧ཉིན་དངོས་སུ་མ་རྩ་འཇོག་པའི་བགྲོ་གླེང་བྱེད་འཆར་འདུག གློག་བརྙན་འདི་ལ་མིག་སྔར་ཨོ་མིན་རྒྱལ་སྤྱིའི་གློག་བརྙན་འཁྲབ་གཞུང་འགྲན་སྡུར་ཁྲོད་འཁྲབ་གཞུང་རྩེ་གྲ་དངུལ་གྱི་རྟགས་མ་ཐོབ་མྱོང་།

1660464110129986.jpg

381169978.jpg

560796250.jpg

         སྤྱི་ཟླ༨ཚེས༡༡ཉིན། གཟའ་ཕུར་བུ། རྡོ་སྦིས་རྡོ་རྗེས་འཁྲབ་ཁྲིད་གནང་བའི་གློག་བརྙན«ཨ་མྱེས་རྨ་ཆེན»ཞེས་པCinemakingརྒྱལ་སྤྱི་གློག་བརྙན་དུས་ཆེན་དང་Golden FEMIགློག་བརྙན་དུས་ཆེན་སྟེང་ཚུད་པའི་གཏམ་བཟང་འབྱོར།

1660464594693414.jpg

830428302.jpg

           སྤྱི་ཟླ༨ཚེས༡༠ཉིན། གཟའ་ལྷག་པ། གཡུ་ཚང་ཕུགས་སྨྱན་བྱེད་ཀྱིས་ཕབ་བསྐྲུན་བྱས་པའི«ཉི་མའི་འགྱུར་ལྡོག»ཞེས་པ་སྦྲ་རོག་རོག་གློག་བརྙན་གླིང་ནས་ཤར་གཏོང་བྱས། འཁྲབ་སྟོན་པ་གཙོ་བོ། ལྡོང་ཉི་མ་ཐར། གདན་ཞུ་འཁྲབ་སྟོན་པ། དྲག་རྩལ་བ་སངས་རྒྱས་དོན་གྲུབ། གཡང་དཀར་སྒྲོལ་མ།

གློག་བརྙན་གཟིགས་གནས།

https://wx.vzan.com/live/LiveIntroduce-1280523673?shauid=voeWg_3w7uwDsEqaWpOhBQ**&sharetstamp=1660177276130

66836661.jpg

       སྤྱི་ཟླ༨ཚེས༩ཉིན། གཟའ་མིག་དམར། 〝༢༠༢༢ལོའི་གཅིག་སྒྲིལ་རྫོང་དངོས་ཟིན་གློག་བརྙན་དུས་སྟོན〞ཞེས་པ་དངོས་སུ་གཅིག་སྒྲིལ་རྫོང་ནས་ཚོགས་ཤིང་། ཐེངས་འདིའི་གློག་བརྙན་དུས་སྟོན་ཁྲོད། འབྲིང་བ་ཡོན་ཏན་གྱི«རྩམ་པ།» མགོ་ལོག་འབྲུག་སྐྱབས་ཀྱི«ཆུ།» མགོན་པོ་སྐྱབས་ཀྱི«ང་ཡི་སྦྲ་ནག» མགོན་པོ་ཚེ་རིང་གི«ཁྲུང་ཁྲུང་རྨས་མ་དང་བྱིས་པ་སྣབས་ལུག»སོགས་བསྡོམས་པས་བརྙན་ཐུང་བཅུ་འགྲེམས་སྟོན་བྱས་ཤིང་། «རྩམ་པ» དང་«ང་ཡི་སྦྲ་ནག» སོགས་ལ་གློག་བརྙན་རྩེ་གྲའི་བྱ་དགའ་གནང་ཞིང་གདེང་འཇོག་ཚད་མེད་ཐོབ།

109173897.jpg

དཔྱད་མཆན་ཡོད།