འགུལ་རིས་བརྙན་ཐུང«རྡོ་སེང་གེས་ཁ་གདངས་པ»ལ་ཉི་ཧོང་གི་ཨཱོ་ཧྥུ་ཇི·ནོ་བྷུ་རཱོ་རྟགས་མའི་འོས་མིང་ཐོབ།

image001.jpg

         སྤྱི་ཟླ་༡༢པའི་ཚེས་༡༥ཉིན་གསལ་བསྒྲགས་སྤེལ་བ་ལྟར་ན། ཨོའུ་རྒྱ་འཕགས་པ་སྐྱབས་དང་བཀྲ་ཤིས་ལྷ་མོ་(松尾みゆき)གཉིས་ཀྱིས་བཟོས་པའི་འགུལ་རིས་ཐུང་ངུ«རྡོ་སེང་གེས་ཁ་གདངས་པ»ཞེས་པ་ཉི་ཧོང་རྒྱལ་ཁབ་ཀྱི་MAINICHIགློག་བརྙན་དུས་ཆེན་སྐབས་༧༥པའི་གཙོ་འགྲན་པའི་སྡེ་སྟེ། ཨཱོ་ཧྥུ་ཇི·ནོ་བྷུ་རཱོ་རྟགས་མའི་འོས་འདེམས་མཚན་བྱང་ཁྲོད་ཚུད་འདུག

         རྟགས་མ་འདི་ནི་འཛམ་གླིང་དུ་མཚན་སྙན་འབར་བའི་ཉི་ཧོང་གི་འགུལ་རིས་སློབ་དཔོན་ཆེན་མོ་ཨཱོ་ཧྥུ་ཇི·ནོ་བྷུ་རཱོ་(大藤信郎)ལགས་ལ་རྗེས་དྲན་གྱི་ཕྱིར་༡༩༤༦ལོར་འཛུགས་སྐྱོང་གནང་བ་ཞིག་ཡིན་ཞིང་། ཁོང་གིས་སྔ་རབས་ཉི་ཧོང་འགུལ་རིས་ཀྱི་དར་སྤེལ་ཐད་ལོ་རྒྱུས་ཀྱི་དཀྱོགས་མཚམས་སུ་གྱུར་བའི་ཤུགས་རྐྱེན་དང་སྣེ་ཁྲིད་ཀྱི་ནུས་པ་བླ་མེད་ཐོན་པས། ཉི་ཧོང་འགུལ་རིས་གློག་བརྙན་གྱི་སྲོལ་འབྱེད་པར་བཀུར་བ་རེད། ཁོང་གི་མཚན་འཛིན་པའི«ཨཱོ་ཧྥུ་ཇི་ནོ·བྷུ་རཱོ་རྟགས་མ»ནི་ཉི་ཧོང་དུ་སྐད་གྲགས་ཆེས་ཆེ་ཞིང་ལོ་རྒྱུས་ཆེས་རིང་བའི་འགུལ་རིས་གློག་བརྙན་གྱི་བྱ་དགའ་རིམ་པ་མཐོ་ཤོས་དེ་ཡིན།

image002.jpg

འགུལ་རིས་བརྙན་ཐུང་གི་སྒྲོག་པར། 

       «རྡོ་སེང་གེས་ཁ་གདངས་པ»ཞེས་པའི་འགུལ་རིས་འདི་ནི་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད«མི་རོ་རྩེ་སྒྲུང»གི་དུམ་པ་གཅིག་གཞིར་བཟུང་ནས་བཅོས་སྒྲིག་བྱས་པ་དང་། པར་སྒོ་རྐྱང་རྡེབ་ཀྱི་ལག་ཐབས་སྤྱད་ནས་བཟོས་པའི་འགུལ་རིས་ཞིག་ཡིན། དངོས་ཡོད་དང་སྒྱུ་འཕྲུལ་འདྲེས་མའི་གཏམ་རྒྱུད་འདིར་བསམ་ཡུལ་ལས་འདས་པའི་གློ་བུར་གྱི་རྙེད་པའི་དབང་གིས་བུད་ཤིང་འཐུ་མཁན་ཞིག་གི་ནང་སེམས་དང་འཚོ་བའི་ངོ་བོ་ལ་འགྱུར་ལྡོག་བྱུང་བའི་སྣང་ཚུལ་བརྗོད་ཡོད།


འགུལ་རིས་འདིའི་བརྙན་ངོས་བཅད་རིས་ཁག་ཅིག

微信图片_20201228110256_副本.jpg

 微信图片_20201228110319_副本_副本.jpg


གསར་རྩོམ་པའི་ངོ་སྤྲོད་མདོར་བསྡུས།

image003.jpg


          ཨོའུ་རྒྱ་འཕགས་པ་སྐྱབས། མདོ་སྨད་ལྷོ་ཕྱོགས་འབའ་རྫོང་ཡུལ་ཏུ་སྐྱེས། སྔ་ཕྱིར་མཚོ་སྔོན་མི་རིགས་སློབ་ཆེན་དང་བོད་ལྗོངས་སློབ་ཆེན། ཀྲུང་དབྱང་མཛེས་རྩལ་སློབ་གླིང་། ཉི་ཧོང་བཟོ་རིག་སློབ་གླིང་སོགས་འགྲིམས་པ་དང་སྒྱུ་རྩལ་རིག་པའི་རབ་འབྱམས་པའི་སློབ་གནས་ཐོབ། ༢༠༠༦ལོ་ནས་བཟུང་གློག་བརྙན་མཛེས་རིས་དང་ཇུས་འདོན། བརྙན་འཕྲིན་གསར་འགོད། ངོས་སྙོམས་ཇུས་འགོད་སོགས་ཀྱི་ལས་ཀར་འཇུས། ༢༠༡༧ལོ་ནས་བཟུང་འགུལ་རིས་སློབ་སྦྱོང་དང་གསར་རྩོམ་གྱི་ལས་ལ་ཞུགས།


image004.jpg


           མ་ཙི་ཨོ·མི་ཡུག་གྷི། བོད་མིང་ལ་བཀྲ་ཤིས་ལྷ་མོ་ཞུ། ༡༩༩༩ལོ་ནས་བཟུང་དངོས་བཤུས་གློག་བརྙན་གསར་རྩོམ་གྱི་ལས་ལ་ཞུགས། དེ་ལས་བརྩམས་ཆོས་མང་པོ་ཉི་ཧོང་གི་NHKབརྙན་འཕྲིན་ཁང་ནས་བརྙན་ལམ་དུ་བཀྲམ། ༢༠༠༦ལོ་ནས་བཟུང་བོད་དུ་ཡོང་སྟེ་ཨ་མདོར་ཉི་ཧོང་སྐད་སློབ་ཁྲིད་བྱས། རིམ་གྱིས་བོད་ཀྱི་རིག་གནས་དང་དམངས་ཁྲོད་གཏམ་རྒྱུད་ལ་སྤྲོ་བ་ཆེན་པོ་སྐྱེས། ༢༠༡༦ནས་བཟུང་ཨེ་ཤ་ཡའི་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་འབྲེལ་དངོས་བཤུས་གློག་བརྙན་བཟོ་སྐྲུན་གྱི་ལས་ལ་ཞུགས། ༢༠༡༨ལོ་ནས་བཟུང་འགུལ་རིས་སློབ་སྦྱོང་དང་གསར་རྩོམ་གྱི་ལས་ལ་ཞུགས།



དཔྱད་མཆན་ཡོད།