བདུན་རེའི་གློག་བརྙན་འཕྲིན་གསར་ཕྱོགས་བསྡུས།

1659853542640140.jpg

      སྤྱི་ཟླ༨པའི་ཚེས༤ཉིན། གཟའ་ཕུར་བུ། ལོ་ངོ་གཉིས་ཀྱི་ཡུན་ལ་གྲ་སྒྲིག་དང་ལག་ལེན་སོགས་ཀྱི་གོ་རིམ་ཞིབ་ཏུ་བརྒྱུད། བདུད་རྩི་སྐྱིད་ཀྱིས་འཁྲབ་ཁྲིད་བྱས་པའི་ལོ་རྒྱུས་དངོས་བརྗོད་གློག་བརྙན«བསང་གི་མ་ཎི་རྡོ་འབུམ»ཞེས་པ་ཕབ་བསྐྲུན་ལེགས་འགྲུབ་བྱུང་ནས་དངོས་སུ་དྲ་བའི་སྟེང་འགྲེམས་སྤེལ་བྱས།   གློག་བརྙན་འདི་ཕབ་སྐྲུན་བྱེད་སྐབས་འཁྲབ་སྟོན་གྱི་དགོས་མཁོ་ལྟར་སྣོན་བཅོས་དང་ལེགས་སྒྲིག་དགོས་ངེས་རེ་བྱས་པ་ལས༼ ཧོར་གླིང་གཡུལ་འགྱེད་སྨད་ཆ ༽ དང་།  ༼  བསང་གི་རྡོ་འབུམ་གྱི་ལོ་རྒྱུས ༽ སོགས་འབྲེལ་ཡོད་ཡིག་ཆ་དང་།   རང་སའི་ངག་རྒྱུན་ཚད་ལྡན་གཞི་རྩར་བཟུང་ནས་ལོ་རྒྱུས་དངོས་ཇི་མ་ཇི་བཞིན་དུ་ཆ་ཚང་བའི་སྒོ་ནས་ངོ་སྤྲོད་ཐུབ་རྒྱུར་གང་ཐུབ་ཐུབ་ཀྱིས་འབད་འདུག

བཟོ་སྐྲུན་པ། ཕུག་ཁང་མཆོག་སྤྲུལ།

ཕབ་སྐྲུན་པ། འཇིགས་བྷ།

འཁྲབ་གཞུང་། མཁན་པོ་ཕུར་རྣམ།

འཁྲབ་ཁྲིད་པ། བདུད་རྩི་སྐྱིད།

གཙོ་འཁྲབ་པ། སྤྲུལ་བླ་མ་ཚེ་རིང་། མཁན་པོ་བཀྲ་ཤིས་ཚེ་རིང་། མཁན་པོ་དགེ་ལེགས་བསྟན་འཛིན། མཁན་པོ་བསམ་གཏན་རྡོ་རྗེ།

གློག་བརྙན་གཟིགས་གནས།

 https://mp.weixin.qq.com/s?__biz=MzA5MjAwNjMzOA==&mid=2649784727&idx=1&sn=c77faab6f1fd5710bf02feaa2a24c430&chksm=8877933abf001a2c832ea1bd9714dddf83f656792b17047c51242b7102a71a036265ab8f1004&mpshare=1&scene=1&srcid=0807tyRPTSfzCZ5kru9RXRO9&sharer_sharetime=1659853492043&sharer_shareid=59702a73ec5949db8b304c9ed24e8c88&exportkey=AbWqI3sEkInH0zvn3%2FPZq%2BI%3D&acctmode=0&pass_ticket=xBEOL%2FCTHO%2Bv4MfFYwZWoLejvbSFPmyy3znFneTCo2QJHtBjwQLKHHJR4Jh8E5IA&wx_header=0#rd

1659853692130304.jpg

         སྤྱི་ཟླ༨པའི་ཚེས༤ཉིན། གཟའ་ཕུར་བུ།  འཇིགས་མེད་འཕྲིན་ལས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན«གཅིག་དང་བཞི»ཞེས་པFIRSTན་གཞོན་གློག་བརྙན་དུས་ཆེན་སྐབས་བཅུ་དྲུག་པའི་སྟེང་གློག་བརྙན་རྩེ་གྲ་དང་། གཏམ་རྒྱུད་རྩེ་གྲའི་བྱ་དགའ་ཐོབ་པ་མ་ཟད། འཁྲབ་སྟོན་པ་སྤྱིན་པ་ལ་འཁྲབ་སྟོན་རྩེ་གྲའི་བྱ་དགའ་ཐོབ།

1659853793121250.jpg

326963414.jpg


1659853956449897.jpg

          སྤྱི་ཟླ༨ཚེས༤ཉིན། གཟའ་ཕུར་བུ། ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོལ་མའི་བརྩེ་དུང་གཏམ་རྒྱུད«ཏཱ་ནི་སྟོད་ཀྱི་ནམ་མཁའ»ཞེས་པ་ཉིན་འདིའི་ཕྱི་དྲོའི་ཆུ་ཚོད་བདུན་དང་ཕྱེད་ཀའི་སྟེང་ནས་དངོས་སུ་དྲ་ལམ་ནས་ཤར་གཏོང་བྱས།

གློག་བརྙན་གཟིགས་གནས།

https://wx.vzan.com/live/pc/topic-detail?liveId=385303719&topicId=1338515598&parameter=%26jumpitd%3D1

1659854595729259.jpg

          སྤྱི་ཟླ༨ཚེས༣ཉིན། གཟའ་ལྷག་པ། FIRSTན་གཞོན་གློག་བརྙན་དུས་ཆེན་སྐབས་བཅུ་དྲུག་པའི་གློག་བརྙན་ཁྲོམ་རའི་བྱ་དགའ་སྟེར་བའི་མཛད་སྒོ་དངོས་སུ་ཚོགས་ཤིང་། འཁྲབ་ཁྲིད་པ་རྟ་མགྲིན་དབང་རྒྱལ་གྱི«དབང་མོ་དབྱར་ཁ»ལ་ཨེ་ཆི་ཡེ〝གོང་མའི་གོང་མ〞ཞེས་པའི་བྱ་དགའ་ཐོབ་ཅིང་། ཨེ་ཆི་ཡེ་ཚང་གིས་དངུལ་དམར་ཁྲི་བཅུ་ཐམ་པའི་རོགས་སྐྱོང་གནང་།

1659854735464442.jpg

1659854978596377.jpg

      སྤྱི་ཟླ༨པའིཚེས༢ཉིན། གཟའ་མིག་དམར། དར་རྒྱས་བསྟན་འཛིན་གྱིས་འཁྲབ་ཁྲིད་བྱས་པའི«ཁྱི་རྒན་བཀྲ་ཤིས»ཞེས་པའི་གློག་བརྙནFIRSTགློག་བརྙན་དུས་ཆེན་ཁྲོམ་རའི་ཐོན་ལས་ཁྲོད་ཚུད་ཅིང་། ཚེས༣ཉིན་གྱི་བྱ་དགའ་སྟེར་བའི་མཛད་སྒོའི་སྟེང་ཝེ་ཧྥུན་ཞའོ་དཔའ་ཡི〝ལང་ཚོ། མ་འོངས〞ཞེས་པའི་བྱ་དགའ་ཐོབ་ཅིང་། དངུལ་དམར་ཁྲི་བཅུ་ཐམ་པའི་རོགས་སྐྱོར་གནང་།

666.jpg

དཔྱད་མཆན་ཡོད།