༡
སྤྱི་ཟླ༦པའི་ཚེས༥ཉིན། གཟའ་མིག་དམར། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་སྐུ་མྱ་ངན་ལས་འདས་པར་རྗེས་དྲན་ཞུ་ཆེད་དུ། ཀྲུང་གོའི་གློག་བརྙན་འཁྲབ་ཁྲིད་པའི་མཐུན་ཚོགས་ཀྱིས་རྩ་འཛུགས་བྱས་ཤིང་། ཀྲུང་གོའི་གློག་བརྙན་ཡིག་ཚགས་ཁང་གིས་རོགས་བསྒྲུབ་གནང་བའི་༼ རླབས་རྒྱུན་མི་འཇགས། བརྙན་སྒྲོན་མི་གཟིམ ༽ ཞེས་པའི་པདྨ་མ་ཚེ་བརྟན་རྗེས་དྲན་བརྙན་འགྲེམ་བྱ་འགུལ6པའི་ཚེས21ནས6པའི་ཚེས23ཉིན་ཀྲུང་གོའི་གློག་བརྙན་ཡིག་ཚགས་ཁང་སྒྱུ་རྩལ་གློག་བརྙན་ཁང་ནས་སྤེལ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་།
༢
སྤྱི་ཟླ༦པའི་ཚེས༦ཉིན། གཟའ་ལྷག་པ། ན་གཞོན་གློག་བརྙན་འཁྲབ་ཁྲིད་པ་འཇིགས་མེད་འཕྲིན་ལས་ནས་འཁྲབ་གཞུང་དང་འཁྲབ་ཁྲིད་གཅིག་ལྕོགས་ངང་འགན་འཁུར་བའི་གློག་བརྙན«གཅིག་དང་བཞི»ཞེས་པ་དངོས་སུ་ཟླ11པའི་ཚེས1ཉིན་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་སོ་སོ་ནས་གཟིགས་འབུལ་བྱ་རྒྱུ་གཏན་འཁེལ་བྱུང་།
༣
སྤྱི་ཟླ༦པའི་ཚེས༧ཉིན། གཟའ་ཕུར་བུ། ཆགས་མེད་རིན་པོ་ཆེས་དྲུག་གཅིག་བྱིས་པའི་དུས་ཆེན་ལ་ཕུལ་བའི་གློག་བརྙན་ལེགས་སྐྱེས«རྗོར་རྗེ་ཡ»ཞེས་པ་ཟླ༦པའི་ཚེས༣ཉིན་རྒྱལ་ཡོངས་གཟིགས་འབུལ་བྱས་རྗེས། སྔ་གཞུག་ཏུ། གློག་བརྙན་དང་འབྲེལ་ནས་འཁྲབ་ཁྲིད་པར་བཅར་འདྲི་གནང་བའི་བཅར་འདྲི་བརྙན་ཐུང་དྲ་ལམ་དུ་བཏང་།
༤
སྤྱི་ཟླ6པའི་ཚེས10ཉིན། གཟའ་སྤེན་པ། ཧྲིན་ཀྲིན་གྲོང་ཁྱེར་ནས་༼ ཁོ་མོ་དང་ཁོ་མོ་ཚོ ༽ བུད་མེད་འཁྲབ་ཁྲིད་པའི་བརྩམས་ཆོས་འགྲེམ་སྟོན་པ་འཆར་ཅན་ལྟར་དུ་ཚོགས་ཤིང་། ཐེངས་འདིར་རྒྱལ་ཁབ་ཕྱི་ནང་དུ་བྱ་དགའ་ཐོབ་པའི་འཁྲབ་ཁྲིད་པ་ལྔའི་བརྩམས་ཆོས་འགྲེམ་སྟོན་བྱས་ཤིང་། དགའ་འོས་པ་ཞིག་ལ་ལྷ་སའི་འཁྲབ་ཁྲིད་པ་གངས་སྒྲོན་གྱི་གློག་བརྙན་བརྩམས་ཆོས«དབྱར་སྐྱིད་ཕྲ་མོ»ཞེས་པ་ཐེངས་འདིའི་འགྲེམ་སྟོན་ཁྲོད་ཚུད་འདུག
༥
སྤྱི་ཟླ6པའི་ཚེས10ཉིན། གཟའ་སྤེན་པ། ན་གཞོན་འཁྲབ་ཁྲིད་པ་གདུགས་དཀར་ཚེ་རིང་ལགས2023ལོའི༼ པོད་འཕྲིན་གློག་བརྙན་གྱི་མཚན་མོ ༽ ཞེས་པའི་བརྙན་ཡོལ་ངོས་ཀྱི་དཔེ་སྟོན་མི་སྣ་རུ་བདམས་ཐོན་བྱུང་།
དཔྱད་མཆན་ཡོད།