སྤྱི་ཟླ༥པའི་ཚེས༨ཉིན། བོད་ཀྱི་མིང་དུ་གྲགས་པའི་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་ལགས་སྙིང་ནད་ཀྱི་དབང་གིས་དྲག་བསྐྱེད་མ་བྱུང་བར་སྐུ་མྱ་ངན་ལས་འདས། ད་ལོར་སྐུ་ན༥༥སོན་ཞིང་། ཀྲུང་གོའི་ལོ་བརྒྱའི་གློག་བརྙན་ལོ་རྒྱུས་ཁྲོད་ཀྱི་བོད་སྐད་གློག་བརྙན་སྲོལ་འབྱེད་པ་རུ་གྲགས། ཁོང་ནི་ཀྲུང་གོའི་མིང་དུ་གྲགས་པའི་སྒྲུང་གཏམ་རྩོམ་པ་པོ་དང་འཁྲབ་གཞུང་བཅོས་སྒྲིག་མཁན། གློག་བརྙན་འཁྲབ་ཁྲིད་པ། ཀྲུང་གོའི་གློག་བརྙན་འཁྲབ་ཁྲིད་མཐུན་ཚོགས་ཀྱི་ཚོགས་མི་དང་ཀྲུང་གོའི་གློག་བརྙན་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་གློག་བརྙན་རྩོམ་རིག་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན་ལ། ཁོང་གིས་འཁྲབ་ཁྲིད་གནང་བའི་གློག་བརྙན་དང་བརྩམས་གནང་མཛད་པའི་རྩོམ་རིག་བརྩམས་ཆོས་གང་མང་ལ་རྒྱལ་ཁབ་ཕྱི་ནང་གཉིས་ནས་བྱ་དགའ་གང་མང་ཐོབ་མྱོང་།
པད་མ་ཚེ་བརྟན་ལགས་སྐུ་གཤེགས་པ་ནི་རང་རེའི་གློག་བརྙན་ལས་རིགས་དང་རིག་གནས་པའི་སྡེ་ཡི་གྱོང་གུན་ཆེན་པོ་ཞིག་ཡིན་པ་མ་ཟད། འཛམ་གླིང་གློག་བརྙན་ལས་རིགས་སྤྱི་ཡི་གྱོང་གུད་ཆེན་པོ་ཞིག་ཀྱང་ཡིན་ནོ།།
ཟུར་བཀོད།
པད་མ་ཚེ་བརྟན། _ དགའ་སའི་གློག་བརྙན་བཅུ། http://www.filmtbt.com/active/activity/2015-01-22/390.html
པད་མ་ཚེ་བརྟན་གྱི་རླབས་ཆེ་བའི་ཞི་བ་དང་དལ་བ། http://www.filmtbt.com/remark/custom/2014-06-25/304.html
ལྷ་མོ་ཚེ་བརྟན་ནས་པད་མ་ཚེ་བརྟན་ལ་བཅར་འདྲི་བྱས་པ་ཞིག (མུ་འགོད)http://www.filmtbt.com/people/director/2020-07-24/1076.html
དཔྱད་མཆན་ཡོད།