ཧི་མ་ལ་ཡ་གློག་བརྙན་རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་སི་ངོ་སྤྲོད་མདོར་བསྡུས།

 

         W020090723534492066460.jpg

         ཧི་མ་ལ་ཡ་གློག་བརྙན་རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་སི་ནི་བོད་ས་གནས་ཀྱི་ཁྱད་ཆོས་གཙོ་བོར་བཟུང་སྟེ་བརྙན་ཕབ་བྱེད་པའི་ཁྲིམས་མིའི་ཐོབ་ཐང་ཅན་གྱི་རང་རྐྱ་འཕེར་བའི་དམངས་གཉེར་ཁེ་ལས་ཞིག་ཡིན་ཞིང་།ཀུང་སི་དེའི་དགོངས་དོན་གཙོ་བོ་ནི་བོད་ཀྱི་གློག་བརྙན་ཤེས་ལྡན་པ་སྐྱེད་སྲིང་བྱེད་པ་དང་། རང་ས་རང་ཡུལ་གྱི་བོད་སྐད་རྣལ་མ་གཞིར་བཟུང་ནས་འཁྲབ་པའི་གློག་བརྙན་གོང་འཕེལ་དུ་གཏོང་བ་བྱེད་རྒྱུ་དང་། དེ་མིན་གློག་བརྙན་གྱི་ཚོང་དོན་འཁོར་སྐྱོད་བྱེད་པའི་གོ་རིམ་ཁྲོད་དུའང་བོད་ཀྱི་རིག་གནས་ཀྱི་ནང་དོན་གཙིགས་སུ་བཟུང་ནས་བོད་མི་རྣམས་ཀྱི་རྩོལ་བྱུང་རིག་གནས་དང་རང་བྱུང་མཛེས་ལྗོངས་རྣམས་ཇི་མ་ཇི་བཞིན་དུ་མཚོན་པར་བྱས་ཏེ། མིའི་རིགས་ལ་ཡར་ཐོན་ཡོང་བ་དང་།ཕན་ཚུན་བར་བརྗེ་རེས་བྱེད་པ། ཕན་ཚུན་བར་ཤེས་རྟོགས་བྱེད་པ་བཅས་ལ་སྐུལ་འདེད་གཏོང་ཐུབ་པ་དང་། རྒྱལ་སྤྱིའི་སྟེང་དུ་འགྲན་རྩོད་ཀྱི་སྟོབས་ཤུགས་ལྡན་པའི་རིག་གནས་ཀྱི་ཁེ་ལས་ཤིག་ཏུ་འགྱུར་ཐུབ་པར་བརྩོན་ལེན་བྱེད་རྒྱུ་དེ་ཡིན། ཀུང་སི་དེའི་མངའ་ཁོངས་སུ་སྡེ་ཚན་བཞི་བཙུགས་ཡོད་དེ།གློག་བརྙན་ལས་དོན་ཁང་།པར་རིས་ལས་དོན་ཁང་།སྒྲ་དབྱངས་ལས་དོན་ཁང་། བོད་ཀྱི་རིག་གནས་ལས་དོན་ཁང་བཅས་བཞི་ཡོད་དོ།།

དཔྱད་མཆན་ཡོད།