རྒྱལ་སྤྱིའི་སློབ་ཆེན་པའི་གློག་བརྙན་དུས་སྟོན་སྐབས་བདུན་པའི་སྟེང་གློག་བརྙན་«སྒོ་སམ»ལ་ཨང་གསུམ་པའི་གཟེངས

  རྒྱལ་སྤྱིའི་སློབ་ཆེན་པའི་གློག་བརྙན་དུས་སྟོན། སྤྱི་ཟླ་༡༠བའི་ཚེས་༢༡་ཉིན་རྒྱལ་སྤྱིའི་སློབ་ཆེན་པའི་གློག་བརྙན་དུས་སྟོན་སྐབས་བདུན་པའི་མཛད་སྒོ་དེ་པེ་ཅིང་དུ་བསྡུས་ཤིང་རྒྱལ་ཁབ་ཕྱི་ནང་ནས་སླེབས་པའི་ཚོགས་མི་ཉིས་སྟོང་ལྷག་གདན་གཅིག་ཏུ་འཛོམས། རྒྱལ་སྤྱིའི་སློབ་ཆེན་པའི་གློག་བརྙན་དུས་སྟོན་འདི་ནི་པེ་ཅིང་གློག་བརྙན་སློབ་གླིང་དང་། ཀྲུང་གོ་ཁྲོན་མེ་སློབ་ཆེན། ཀྲུང་དབྱང་ཟློས་གར་སློབ་གླིང་། པེ་ཅིང་ཁོའུ་ཏི་སློབ་ཆེན་སོགས་ཀྱིས་གཙོ་སྒྲུབ་གནང་བ་ཞིག་ཡིན་ལ། གློག་བརྙན་དུས་སྟོན་འདི་ནི་འཛམ་གླིང་གི་སློབ་ཆེན་པ་དག་ལ་གཙོ་བོ་གཏད་པ་ཞིག་ཡིན། གློག་བརྙན་དུས་སྟོན་འདིར་ཞུགས་མཁན་མང་ཆེ་བ་ནི་འཛམ་གླིང་གི་གློག་བརྙན་སློབ་གླིང་སོ་སོ་ནས་མཐར་ཕྱིན་ཟིན་པའི་ན་གཞོན་གློག་བརྙན་པ་དག་ཡིན་པ་རེད་ལ། ༢༠༡༨ལོའི་རྒྱལ་སྤྱིའི་སློབ་ཆེན་པའི་གློག་བརྙན་དུས་སྟོན་སྐབས་བདུན་པའི་སྟེང་ཞུགས་མཁན་དག་ནི། ཨ་རི་དང་། ཧྥ་རན་སི། ཁོ་རེ་ཡ། ཀྲུང་ཀོ ཨུ་རུ་སུ། ཨི་ཐ་ལི་སོགས་རྒྱལ་ཁབ་མི་འདྲ་བ་༢༡ཙམ་ནས་སླེབས་པའི་འགྲན་ཞུགས་གློག་བརྙན་དྲུག་སྟོང་༦༠༠༠ལྷག་འབྱོར་ཡོད་པ་རེད་ལ། ཐེངས་འདིའི་འགྲན་ཞུགས་གློག་བརྙན་གྱི་དཔྱད་འདེམས་པ་དག་ཀྱང་རྒྱལ་ཁབ་མི་འདྲ་བ་འགའ་ཞིག་གི་ནང་ནས་ཆེད་དུ་གདན་འདྲེན་ཞུས་ཏེ་སྤྱི་ཚེས༢༡ཉིན་དངོས་སུ་རྟིང་རྩོད་སྡེ་ཚན་དུ་ཚུད་པའི་གློག་བརྙན་ཀྱི་མཚན་བྱང་རྣམས་སྤྱི་བསྒྲགས་སྤེལ་བ་རེད་ལ། དེའི་ཁྲོད་བོད་ཀྱི་གཞོན་སྐྱེས་འཁྲབ་ཁྲིད་པ་ཡོན་ཏན་གྱི་གློག་བརྙན་«སྒོ་སམ»ལ་ཨང་གསུམ་པའི་བྱ་དགའི་གཟེངས་རྟགས་བསྩལ།

དཔྱད་མཆན་ཡོད།