བརྙན་ཐུང«མཐའ»ཞེས་པ་ཧྥ་རན་སའི་ཀ་ན་ཡི་ས་དབུས་མཚོ་ཞེས་པའི་བརྙན་ཐུང་རིམ་པའི་འོས་མིང་ཁྲོད་ཚུད།

 

རྨ་ཆུའི་གངས་ལ་ལྟ་རིག་གནས་བརྙན་སྦྱོར་མཐུན་གཉེར་ཁང་གིས་བཟོ་སྐྲུན་དང་དབྱངས་གསལ་གྱི་ང་རོ་རིག་གནས་ལས་ཤག་གིས་བཟོ་སྐྲུན་མཉམ་འབྲེལ་བྱས་པའི་བརྙན་ཐུང«མཐའ»ཞེས་པ་ཧྥ་རན་སའི་ཀ་ན་ཡི་ས་དབུས་མཚོ་ཞེས་པའི་གློག་བརྙན་དུས་ཆེན་གྱི་བརྙན་ཐུང་རིམ་པའི་འོས་མིང་ཁྲོད་ཚུད།བརྙན་ཐུང་འདི་ནི་བློ་བཟང་བཀྲ་ཤིས་ཀྱིས་འཁྲབ་གཞུང་དང་འཁྲབ་ཁྲིད།རིན་ཆེན་ནོར་བུ་དང་ངག་དབང་ལྷ་མོ་གཉིས་ཀྱིས་གཙོ་འཁྲབ་བྱས་པ་ཞིག་ཡིན་ལ།

 འཁྲབ་པར།

གཙོ་འཁྲབ་པ།རིན་ཆེན་ནོར་བུ། ངག་དབང་དབང་ལྷ་མོ།

  གཏམ་རྒྱུད་གནད་བསྡུས། འབྲོག་པའི་གཞོན་ནུ་ཞིག་རྫོང་མཁར་དུ་འོངས་ཤིང་སྡོད་ཁང་ཆུང་ཆུང་ཞིག་གླས་ནས་དུས་ཚོད་སྐྱེལ་གྱིན་ཡོད།ཁོ་ལ་ལས་ཀ་ཅིའང་མེད་པར་ཉིན་རྒྱུན་སྲང་ལམ་ཉུལ་ནས་གཞན་གྱི་འཕྲུལ་རྟ་རྐུ་བཞིན་ཡོད།ཁོ་ལ་དམིགས་བསལ་གྱི་དོན་ཞིག་ཡོད་པ་ནི་ནང་མ་ཁང་དུ་སོང་ནས་བུ་མོ་ཞིག་གི་གླུར་ཉན་གྱིན་པ་དེ་ཡིན།བུ་མོ་དེའི་ཁྱབ་སྒྲོག་འདྲ་པར་ཞིག་ཁོའི་ཁང་པའི་ནང་སྦྱར་ཡོད་ཅིང་།མོ་དང་འབྲེལ་པའི་རྨི་འཕྲུལ་སོགས་ཁོའི་འཚོ་བའི་ཁ་དོག་ཉག་གཅིག་གོ

འཁྲབ་གཞུང་དང་འཁྲབ་ཁྲིད། བློ་བཟང་བཀྲ་ཤིས།

དཔྱད་མཆན་ཡོད།