གློག་བརྙན«སྒོ་སམ»༢༠༡༨CYFFགློག་བརྙན་དུས་སྟོན་དུ་ཚུད།

  གཞོན་སྐྱེས་འཁྲབ་ཁྲིད་པ་ཡོན་ཏན་གྱི་གློག་བརྙན་«སྒོ་སམ»2018CYFFགློག་བརྙན་དུས་སྟོན་གྱི་རྟིང་རྩོད་སྡེ་ཚན་དུ་ཚུད། 2018CYFFགློག་བརྙན་དུས་སྟོན་ནི་གློག་བརྙན་སྒྱུ་རྩལ་གྱི་རིན་ཐང་ལྟེ་བར་བཟུང་བའི་གློག་བརྙན་རིག་གནས་ཀྱི་སྡིངས་ཆ་དམིགས་བསལ་སྐྲུན་པ་ཞིག་ཡིན་ལ། 2018ལོའི་CYFFགློག་བརྙན་དུས་སྟོན་དུ་ཕྱོགས་ཡོངས་ནས་འགྲན་ཞུགས་གློག་བརྙན་གཅིག་སྟོང་ལྷག་གདམས་པའི་ཁྲོད། མཐའ་མཇུག་གི་རྟིང་རྩོད་སྡེ་ཚན་དུ་ཚུད་པའི་གློག་བརྙན་༤༠གདམས་ཐོན་བྱུང་ཡོད་པ་རེད་ལ། དེའི་ཁྲོད་དུ་བོད་ཀྱི་གཞོན་སྐྱེས་འཁྲབ་ཁྲིད་པ་ཡོན་ཏན་གྱི་གློག་བརྙན་«སྒོ་སམ»གདམས་ཐོན་བྱུང་བའི་སྤྱི་བསྒྲགས་སྤེལ།

  གློག་བརྙན་སྒོ་སམ་ནི་གཞོན་སྐྱེས་འཁྲབ་ཁྲིད་པ་ཡོན་ཏན་གྱི་གློག་བརྙན་བརྩམས་ཆོས་གཉིས་པ་དེ་ཡིན་ཞིང་། སྤྱི་ལོ་2017དང་2018གཉིས་ཀྱི་བར་ཕབ་སྐྲུན་བྱས་ཏེ་སྡོམ་པའི་དུས་ཡུན་ལོ་ཕྱེད་ཅིག་གི་རིང་མཐའ་མའི་དྲས་སྒྲིག་སོགས་ལེགས་འགྲུབ་བྱུང་བ་ཡིན།

  གློག་བརྙན་«སྒོ་སམ»གྱི་ནང་ཁེར་ཧྲེང་གི་མི་ཕོ་དགེ་རྒན་ཞིག་གི་ཉིན་དང་མཚན་གྱི་འཚོ་བའི་དཀའ་ངལ་གང་མང་ཞིག་དང་འབྲེལ། ཁོའི་འཚོ་བའི་ཁྲོད་དུ་རྟག་པར་བུ་མོ་གཞོན་ནུ་མ་ཞིག་གི་བརྩེ་འདང་གི་ངོ་གདོང་དེ་འཁྲུལ་སྣང་དང་དངོས་ཡོད་ཀྱི་རྩིབ་བརྡར་ཁྲོད། ཁོའི་རྒྱུན་བསྲང་གི་འཚོ་བར་འགལ་འདུ་མང་བའི་གཏམ་རྒྱུད་ཡ་ང་བ་ཞིག་བརྗོད་བྱར་བཟུང་ཡོད།

  གློག་བརྙན་«སྒོ་སམ»གྱི་བྱ་དགའི་སྐོར་གྱི་གནས་ཚུལ་རགས་ཙམ་ཞིག

  (1)ཧྲན་ཞི་86358གློག་བརྙན་ཐུང་ངུའི་དུས་སྟོན་སྐབས་གཉིས་པའི་རྟིང་རྩོད་སྡེ་ཚན་གྱི་འོས་མིང་བྱ་དགའ་ཐོབ།

  (2)རི་བོ་རྩེ་ལྔ་འཛམ་གླིང་ཡོངས་བསྒྲགས་གློག་བརྙན་དུས་སྟོན་སྐབས་གསུམ་པའི་སྟེང་འཁྲབ་ཁྲིད་པ་རྩེ་གྲས་བྱ་དགའ་ཐོབ།

  (3)གཙོས་རོང་སྡེ་བའི་ཡུལ་སྐད་གློག་བརྙན་དུས་སྟོན་སྐབས་ལྔ་བའི་རྟིང་རྩོད་སྡེ་ཚན་གྱི་འོས་མིང་བྱ་དགའ་ཐོབ།

  (4)ཁྱུང་ཆེན་གློག་བརྙན་ལས་འཆར་སྐབས་གཉིས་པའི་ཁྲོད་ཉར་ཚགས་གློག་བརྙན་དུ་གདམས་ཐོན་བྱུང་།

  (5)༢༠༡༨ལོའི་ཨུ་རུ་སུ་སན་བྷི་ཏི་བྷོག་གི་སློབ་གྲྭ་ཆེན་མོར་ཆེད་དམིགས་གློག་བརྙན་གཟིགས་འབུལ་གྱི་གདམས་ཐོན་བྱུང་།

  (6)༢༠༡༨ལོའི་ཡོ་རོབ་ཀྱི་རིག་རྩལ་གློག་བརྙན་གཟིགས་འབུལ་དུ་གདམས་ཐོན་བྱུང་ཞིང་། གློག་བརྙན་ལག་དེབ་གྱི་མདུན་ཤོག་ཆེད་དམིགས་འགྲེམས་པར་དུ་ གདམས་ཐོན་བྱུང་།

  (7)རྒྱལ་སྤྱིའི་སློབ་ཆེན་པའི་གློག་བརྙན་དུས་སྟོན་སྐབས་བདུན་པའི་སྟེང་ཨང་གསུམ་པའི་བྱ་དགའ་ཐོབ།

  (8)ཡོངས་ཁྲིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་བརྒྱད་པའི་སྟེང་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་གློག་བརྙན་རྩེ་གྲས་ཀྱི་བྱ་དགའ་ཐོབ།

  (9)༢༠༡༨ལོའི་ཡ་གླིང་གློག་བརྙན་ཐུང་ངུའི་དུས་སྟོན་སྐབས་དྲུག་པའི་སྟེང་། ཡ་གླིང་གི་ན་གཞོན་གློག་བརྙན་འཁྲབ་ཁྲིད་པ་གསར་པའི་བྱ་དགའ་ཆེན་མོ་ཐོབ།(10)༢༠༡༨ལོའི་CYFFན་གཞོན་གློག་བརྙན་གླེང་སྟེགས་ཀྱི་རྟིང་རྩོད་སྡེ་ཚན་གྱི་འོས་མིང་བྱ་དགའ་ཐོབ།

  (11)༢༠༡༨ལོའི་ལྷ་ས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་ཕུལ་བྱུང་གློག་བརྙན་གྱི་བྱ་དགའ་ཐོབ།

  (12)འཇར་མན་རླབས་སྒྲ་གློག་བརྙན་དུས་སྟོན་སྐབས་དགུ་པའི་རྟིང་རྩོད་སྡེ་ཚན་གྱི་འོས་མིང་བྱ་དགའ་ཐོབ།

  (13)དབྱིན་ཇིའི་ཨོག་སི་ཧྥོ་སྒྲི་སློབ་ཆེན་དུ་གློག་བརྙན་«སྒོ་སམ»དམིགས་བསལ་གཟིགས་འབུལ་དང་བགྲོ་གླེང་སྤེལ།

དཔྱད་མཆན་ཡོད།