«རྡོ་བྷེའི་གདམ་ཀ»

  «རྡོ་བྷེའི་གདམ་ཀ»ཞེས་པའི་གློག་བརྙན་འདི་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རིག་གནས་སློབ་གླིང་གི་བོད་བརྙན་མཐུན་ཚོགས་ཀྱིས་ཕབ་བསྐྲུན་བྱས་པ་ཞིག་ཡིན། འདི་རུ་རྡོ་བྷེ་ཞེས་པའི་མི་སྣ་གཙོ་བོས་མཐོ་འབྲིང་ལོ་ངོ་གསུམ་རིང་ལ་ཀྱག་ཀྱོག་གི་འཚོ་བ་མང་པོ་ཞིག་བརྒྱུད་ཅིང་། མཐར་སྔར་གནས་སུ་འགྲེང་སྟེ་སློབ་ཆེན་འགྲིམ་སོང་བའི་གཏམ་རྒྱུད་ཅིག་བརྗོད་ཡོད། གཏམ་རྒྱུད་འདིའི་མགོ་མཇུག་བར་གསུམ་བརྩེ་དུང་ཞེས་པའི་རླབས་ཆེ་བའི་རྒྱུད་སྐུད་ཅིག་གིས་སྦྲེལ་ཡོད་ལ། གློག་བརྙན་འདི་དང་འབྲེལ་བའི་གནས་ལུགས་མང་པོ་ཞིག་ཀྱང་བརྩེ་དུང་ཞེས་པའི་རླབས་ཆེ་བའི་བྱ་བཞག་འདིའི་བར་གསེང་བརྒྱུད་ནས་སྔོག་འདོན་བྱེད་དགོས་སོ།།

དཔྱད་མཆན་ཡོད།