སྐབས་དགུ་པའི་FIRSTགློག་བརྙན་འགྲེམ་སྟོན་ལས་ཟི་ལིང་གི་སྣང་བརྙན་ཞེས་པའི་སྡེ་ཚན་གྱི་འགྲེམ་སྟོན་དངོས་སུ་

911502_953097.jpg

འཁྲབ་ཁྲིད་པ་ཞེ་ཧྥེ་ལགས་ཀྱིས་གློག་བརྙན་ཡེ་ཤེས་སྒྲོལ་མ།ལ་བལྟས་རྗེས་ཀྱི་མྱོང་ཚོར་བརྗོད་བཞིན་པ།

སྤྱི་ཟླ་7པའི་ཚེས་21ཉིན། སྐབས་དགུ་པའི་FIRSTན་གཞོན་གློག་བརྙན་འགྲེམ་སྟོན་ལས་འགྲན་བསྡུར་མིན་པའི་སྒོ་འབྱེད་འགྲེམ་སྟོན་ཐོག་མ་སྟེ། ཟི་ལིང་གི་སྣང་བརྙན་ཞེས་པའི་འགྲེམ་སྟོན་སྡེ་ཚན་ཏ་ཐུང་རྫོང་པང་ཡེ་རྒྱལ་སྤྱིའི་གློག་བརྙན་ཁང་དུ་དངོས་སུ་གཟིགས་འབུལ་བྱ་འགོ་བརྩམས་ཡོད་ཅིང་། འགྲེམ་སྟོན་ཚན་པ་འདིར་གཙོ་བོ་འཛམ་གླིང་གི་གློག་བརྙན་ཁྲོད་དངོས་སུ་བྱུང་བཞིན་པའི་འགྱུར་ལྡོག་དང་བརྗོད་བྱ་ཕུན་སུམ་ཚོགས་པའི་གློག་བརྙན་འགྲེམ་སྟོན་བྱས་ཏེ། རྒྱ་ཆེའི་ལྟད་མོ་བ་ཚོར་སྔར་མེད་ཀྱི་ཚོར་བ་ཟབ་མོ་སྦྱིན་པར་བྱས་ཡོད།

 911153_999705.jpg

ཟོན་ཐར་རྒྱལ་ལགས་ཀྱིས་ལྟད་མོ་བའི་དྲི་བར་ལན་འདེབས་བཞིན་པ།

              འགྲེམ་སྟོན་ཐོག འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་ལགས་ཀྱིས་འཁྲབ་ཁྲིད་གནང་བའི་གློག་བརྙན་གསར་པ་གཙང་བོ།གཟིགས་འབུལ་བྱས་ཏེ་ཟི་ལིང་གི་སྣང་བརྙན་ཞེས་པའི་གློག་བརྙན་འགྲེམ་སྟོན་གྱི་ཞལ་ཡོལ་ཕྱེ་ཡོད་ཅིང་། གློག་བརྙན་འགྲེམ་སྟོན་ཁང་དུ་ལྟད་མོ་བས་ཡོངས་སུ་ཁེངས་ཡོད། གཙང་བོ།ཡི་འཁྲབ་སྟོན་པ་ཆུང་ཆུང་བུ་མོ་དབྱངས་ཅན་ལྷ་མོའི་གསོན་ཉམས་ལྡན་པའི་འཁྲབ་སྟོན་ལ་ལྟད་མོ་བ་ཡོངས་ཀྱི་དགའ་བསུ་དང་བསྔགས་བརྗོད་ཆེན་པོ་ཐོབ། གློག་བརྙན་བསྟན་རྗེས། ཟོན་ཐར་རྒྱལ་ལགས་ཀྱིས་ལྟད་མོ་ཚོ་དང་ལྷན་དུ་ཁོང་གི་གློག་བརྙན་གསར་པའི་སྐོར་ནས་སྤྲོ་སེམས་འཁོལ་བའི་བགྲོ་གླེང་གནང་ཡོད་འདུག  

དཔྱད་མཆན་ཡོད།