ཁྱུང་ཆེན་གློག་བརྙན་ལས་འཆར་ལས་བོད་ཁམས་གློག་བརྙན་འཁྲབ་གཞུང་གསར་རྩོམ་འགྲན་སྡུར་སྐབས་གཉིས་པ།

1537523174873803.jpg

སྤྱི་ཟླ་༩བའི་ཚེས༢༡ཉིན་ནས༢༣ཉིན་བར། ཁྱུང་རུ་རྟགས་མའི་བོད་ཁམས་ཀྱི་འཁྲབ་གཞུང་གསར་རྩོམ་འགྲན་སྡུར་སྐབས་གཉིས་པའི་བདམས་ཐོར་ཚུད་པའི་འཁྲབ་གཞུང་དག་ལ་གཏང་རག་གཟིགས་འབུལ་གྱི་མཛད་སྒོ་བསྡུ་རྒྱུ་ཡིན་པ་དང་། ཉིན་མོ་དེར་ལས་རིགས་འདིའི་ཐད་ཀྱི་ཆེད་མཁས་པ་དང་། དཔྱད་འདེམས་པ། གསར་འགོད་སྡེ་ཁག་སོགས་གདན་ཐོག་གཅིག་ཏུ་འཛོམས་ཏེ། དཔྱད་འདེམས་ཚོགས་ཆེན་གྱི་བདམས་ཐོན་འབྲས་བུ་ལྟར་གཟིའི་ཁྱུང་རུ་རྟགས་མ་དང་།གཡུའི་ཁྱུང་རུ་རྟགས་མ། བཻཌཱུརྱའི་ཁྱུང་རུ་རྟགས་མ་བཅས་ཐོབ་མཁན་གྱི་འཁྲབ་གཞུང་དག་དངོས་སུ་ཁྲོམ་སྒྲོག་བྱ་རྒྱུ་ཡིན་པར་མ་ཟད། ཁྱུང་ཆེན་བརྙན་གླིང་བཙུགས་ནས་ལོ་འཁོར་གཉིས་ལོན་པའི་རྟེན་འབྲེལ་མཛད་སྒོ་དང་སྦྲགས། "པྲ་མིག་བོད་ཀྱི་གློག་བརྙན་དུས་སྟོན" ཁྱུང་ཆེན་བརྙན་གླིང་དུ་ཉིན་གསུམ་རིང་གཟིགས་འབུལ་བྱ་རྒྱུ་ཡིན་པ་དང་། བསྟུད་མར་ཁྱུང་རུ་རྟགས་མའི་བོད་ཁམས་འཁྲབ་གཞུང་གསར་རྩོམ་འགྲན་སྡུར་སྐབས་གསུམ་པ་སྟ་གོན་གྱི་དབུ་ཚུགས་པའི་མཛད་རིམ་སྤེལ་རྒྱུ་ཡིན་པས། ལས་དོན་འདིའི་ཐོག་མཐའ་བར་གསུམ་ལ་དངོས་སུ་ཟབ་ཞུགས་བྱེད་འདོད་པ་དག་གམ་ལས་རིགས་གཅིག་པའི་མོས་མཐུན་ཅི་མཆིས་པ་རྣམས་གང་འདོད་དུ་ཕེབས་ཆོག་པས། དུས་གནས་མ་ནོར་བར་སྐུ་ཉིད་ཕྱག་ཕེབས་གནང་རོགས་ཞུ།།

1537523173896481.jpg1537523174833224.jpg


ཟླ༩པའི་ཚེས༢༡ཉིན་ནས༢༣ཉིན་བར། ཁྱུང་ཆེན་གློག་བརྙན་ལས་འཆར་ལས་བོད་ཁམས་གློག་བརྙན་འཁྲབ་གཞུང་གསར་རྩོམ་འགྲན་སྡུར་སྐབས་གཉིས་པའི་གཟེངས་རྟགས་ཕྱག་འབུལ་མཛད་སྒོ་མཚོ་སྔོན་འབའ་རྫོང་དུ་བསྡུ་རྒྱུ་ཡིན་པ་དང་། མཛད་སྒོའི་སྟེང་བོད་ཀྱི་གླུ་གར་རིག་གནས་ལ་ཤ་ཐང་ཐང་གིས་འབད་པ་བྱེད་ཀྱིན་པའི་ན་གཞོན་གཞས་པ་གཞས་མ་སྐོར་ཞིག་ཀྱང་གདན་དྲངས་ཏེ་འཁྲབ་སྟོན་བྱེད་རྒྱུ་ཡིན་པས། རྣམས་པ་ཚོ་དུས་ལྟར་ཁྱུང་རུ་རྟགས་མའི་མཛད་རིམ་ལ་ཞུགས་པར་དགའ་བསུ་ཞུ།

1537523174112489.jpg1537523174616731.jpg


ས་གནས།      འབའ་རྫོང་སྲིད་གཞུང་ཐང་ཆེན།

དུས་ཚོད།   སྤྱི་ཟླ༩ཚེས༢༡ སྔ་དྲོའི་ཆུ་ཚོད10:00


1537523174124103.jpgWechatIMG1584.jpeg

དཔྱད་མཆན་ཡོད།