ཀྲུང་གོའི་མི་རིགས་གློག་བརྙན་གྱི་མཐོ་རིམ་བགྲོ་གླེང་སྐབས་བཞི་པ་ཡུན་ནན་དུ་འཚོགས།

WechatIMG1722.jpeg

        ཀྲུང་གོའི་མི་རིགས་གློག་བརྙན་གྱི་མཐོ་རིམ་བགྲོ་གླེང་སྐབས་བཞི་པ་དང་ཀྲུང་གོའི་མཐོ་སློབ་གློག་བརྙན་འཕྲིན་རིག་གཞུང་ལྷན་ཚོགས་མི་རིགས་གློག་བརྙན་འཕྲིན་ཆེད་ལས་ཨུ་ཡོན་ལྷན་ཁང་གི་༢༠༡༨ལོའི་ལོ་འཁོར་ཚོགས་འདུ་(第四届中国民族影视高端论坛暨中国民族影视专业委员会学术年会在云南艺术学院举行)ཡུན་ནན་སྒྱུ་རྩལ་སློབ་གླིང་(云南艺术学院)དུ་འཚོགས།

Jietu20181014-210228@2x.jpg

      མཛུབ་སྟོན་ལྷན་ཚོགས། 

     ཟླ༡༠བའི་ཚེས༡༣ནས་ཚེས༡༤ཉིན།  ཀྲུང་གོའི་མི་རིགས་གློག་བརྙན་གྱི་མཐོ་རིམ་བགྲོ་གླེང་སྐབས་བཞི་པ་དང་མི་རིགས་གློག་བརྙན་འཕྲིན་ཆེད་ལས་ཨུ་ཡོན་ལྷན་ཚོགས་ཀྱི་༢༠༡༨ལོའི་ལོ་འཁོར་ཚོགས་འདུ་ཡུན་ནན་སྒྱུ་རྩལ་སློབ་གླིང་དུ་འཚོགས། རེབ་འདིའི་གླེང་སྟེགས་ཀྱི་བརྗོད་གཞི་ནི་མི་རིགས་ཀྱི་གློག་བརྙན་འཕྲིན་གྱི་སྐད་བརྡ་དང་རིག་གནས། མི་རིགས་ཀྱི་གློག་བརྙན་འཕྲིན་གྱི་རིག་ཚན་འཛུགས་སྐྲུན། མི་རིགས་ཀྱི་རོལ་དབྱངས་དང་བརྙན་གཟུགས་གསར་རྩོམ་དང་ལག་ལེན། མཐོ་སློབ་མི་རིགས་གློག་བརྙན་འཕྲིན་གྱི་སློབ་ཁྲིད་བཅས་ཀྱིས་གྲུབ་ཅིང་དེ་དག་དང་འབྲེལ་བའི་བགྲོ་གླེང་མང་དུ་བྱས།                                         

  1539522027123264.jpeg

           ཟླ10པའི་ཚེས13ཉིན་གྱི་སྔ་དྲོའི་ཆུ་ཚོད8:30སྟེང་། ཡུན་ནན་སྒྱུ་རྩལ་སློབ་གླིང་ཁྲུན་གོང་སློབ་ཁུལ་གྱི་དཔེ་མཛོད་ཁང་གི་སྙན་ཞུའི་ཚོམས་སུ་མགོ་འཛུགས་མཛད་སྒོ་སྤེལ་ཞིང་། ཚོགས་ཐོག་ཏུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང། ཀྲུང་ནན་མི་རིགས་སློབ་གྲྭ་ཆེན་མོ། ཀྲུང་གོའི་སྨྱན་གཟུགས་སློབ་གྲྭ་ཆེན་མོ། པེ་ཅིན་གློག་བརྙན་སློབ་གླིང་། ཧྲང་ཧེའི་ཟློས་གར་སློབ་གླིང་། ཀོང་ཞིའི་སྒྱུ་རྩལ་སློབ་གླིང་སོགས་རྒྱལ་ཡོངས་ཀྱི་སློབ་ཆེན54ལྷག་དང་། མི་རིགས་གློག་བརྙན་འཕྲིན་གྱི་ཆེད་མཁས་པ་དང་ཞིབ་འཇུག་པ། གསར་རྩོམ་པ། གྲངས་ཉུང་མི་རིགས་ཀྱི་གཟུགས་འདས་རིག་གནས་རྒྱུན་འཛིན་བྱེད་མཁན་བཅས་ཀྱི་མི་120ལྷག་མཛད་སྒོའི་སྟེང་དུ་མཉམ་ཞུགས་བྱས་ཡོད།   ཀྲུང་གོའི་མཐོ་སློབ་གློག་བརྙན་འཕྲིན་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། མི་རིགས་ཆེད་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ལས་འཛིན་པ། སློབ་དཔོན་ཆེན་མོ་ཨུའུ་་ཡང་ཧོང་ཧྲིན (欧扬宏生)ལགས་ཀྱིས་ཞུ་ཚིག་ཕུལ།  ཁོང་གིས་ལྷན་ཚོགས་ཀྱི་ཚབ་བྱས་ནས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ལྷན་ཚོགས་སམ་ཀྲུང་གོའི་མཐོ་སློབ་གློག་བརྙན་འཕྲིན་ལྷན་ཚོགས་ཀྱི་རྒྱབ་ལྗོངས་དང་གནས་སྟངས།  གྲངས་ཉུང་མི་རིགས་ཀྱི་གློག་བརྙན་འཕེལ་རྒྱས་ཀྱི་གཞི་གྲངས་སོགས་ངོ་སྤྲོད་གནང་བ་དང་། རིག་ཚན་གྱི་ངོ་བོའི་གཞུང་ལུགས་དང་། རིག་ཚན་ནང་ཁུལ་གྱི་འབྲེལ་བ། རིག་ཚན་གྱི་ཕྱི་རོལ་འབྲེལ་བ་སོགས་མཐོང་སྣེ་གསུམ་སྤྱད་དེ་གྲངས་ཉུང་མི་རིགས་གློག་བརྙན་འཕྲིན་གྱི་གཞུང་ལུགས་མ་ལག་ཞིབ་བརྗོད་གནང་།

 WechatIMG1726.jpeg

              ཡུན་ནན་སྒྱུ་རྩལ་སློབ་གླིང་གློག་བརྙན་བརྙན་འཕྲིན་སློབ་གླིང་གི་གླིང་གཙོ་སུང་ཅི(宋杰)ལགས་ཀྱིས་གཙོ་སྒྲུབ་ཚན་ཁག་གི་ཚབ་བྱས་ཏེ་སྐུ་མགྲོན་དག་ལ་རེབ་འདིའི་ཡུན་ནན་སྒྱུ་རྩལ་སློབ་གླིང་གིས་གཙོ་སྒྲུབ་བྱས་པའི་བགྲོ་གླེང་གི་ཁྲོད་ཀྱི་གཟུགས་འདས་ཤུལ་བཞག་གི་མི་རིགས་རོལ་དབྱངས་དང་བརྙན་གཟུགས་ཀྱི་ལོ་རྒྱུས་མཚོན་པའི་བྱེད་སྒོའི་ཁྱད་ཆོས་དང་རིམ་པ་སོགས་ངོ་སྤྲོད་མདོར་བསྡུས་གནང་། མ་ཟད། གྲངས་ཉུང་མི་རིགས་ཀྱི་གློག་བརྙན་ལས་རིགས་དང་བསྒྱུར་བཅོས། རིག་ཚན་འཕེལ་རྒྱས། གློག་བརྙན་འཕྲིན་ཆེད་ལས་འཛུགས་སྐྲུན་དང་འབྲེལ་བའི་གཏམ་བཤད།

  IMG_7919.JPG

               ཀྲུང་གོའི་མཐོ་སློབ་གློག་བརྙན་འཕྲིན་ལྷན་ཚོགས་ཀྱི་དྲུང་ཡིག ཀྲུང་གོའི་སྨྱན་གཟུགས་སློབ་ཆེན་གྱི་ཞིབ་འཇུག་པ། སློབ་དཔོན་ཆེན་མོ་ཀྲང་གོའོ་ཐའོ་(张国涛)ལགས་ཀྱིས་ལྷན་ཚོགས་ཀྱི་ཚབ་བྱས་ནས་ཀྲུང་གོའི་མཐོ་སློབ་གློག་བརྙན་འཕྲིན་ལྷན་ཚོགས་ཀྱི་བརྙན་ཐུང་གསར་རྩོམ་ལྟེ་གནས་ཡུན་ནན་སྒྱུ་རྩལ་སློབ་གླིང་དུ་དབུ་བརྙེས་པའི་ཆོག་མཆན་སྒྲོག་འདོན་མཛད།

     Jietu20181014-210438@2x.jpg

              ཆེད་མཁས་པ་དང་ཞིབ་འཇུག་པ་སོགས་ཀྱིས་ཚོགས་པ་བགར་ཏེ་གླེང་གཞིའི་ཐད་ནས་བགྲོ་གླེང་གྱ་ནོམ་བྱས་པ་དང་། ཞོར་ནས་མི་རིགས་ཀྱི་རོལ་དབྱངས་དང་བརྙན་གཟུགས་འགྲེམ་སྟོན་སྤེལ། 

              ཐེངས་འདིའི་ཚོགས་འདུར་བོད་ཀྱི་གློག་བརྙན་སྐོར་ལ་ཆེད་དུ་ཞིབ་འཇུག་གནང་ཏེ་དཔྱད་རྩོམ་སྒྲོག་སྦྱོང་གནང་མཁན་མི་དྲུག་ཙམ་ཡོད་པ་དེ་དག་གིས་བོད་བརྙན་གྱི་སྐད་བརྡའི་མཚོན་དོན་དང་《ཐར་ལོ》 《གངས་རིན་པོ་ཆེ》སོགས་བརྗོད་བྱར་བཟུང་དེ་དཔྱད་ཡོད་འདུག་ཅིང་།(朱靖江:影视人类学与民族影视的创作与研究     完代克:跨媒介叙事研究视阈下的《塔洛》   方堃:公路电影的美学“本土化”研究:以电影《冈仁波齐》为例   虚实之间:《冈仁波齐》纪录片化的创作特征   解晓磊:当代的“唐卡”:影片《塔洛》浅析    刘忠琴:藏獒文化影像表述危机“深描式”民族艺术影像)གཞན་པའི་ཞིབ་འཇུག་པ་དག་གིས་ཀྱང་བོད་བརྙན་སྐོར་ཚད་ཅི་རིགས་ནས་འཕྲོས་ཡོད་འདུག 

WechatIMG1717.jpeg

     ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཀྲའོ་ལེ་ཧྥང་ནས་མཇུག་སྡུད་གསུང་བཤད་གནང་བཞིན་པ།          

     ཞིབ་འཇུག་པ་ཧན་ཧུང་(韩鸿)དང་ཡན་ཁྲོན་ལེ། (阎春来)ཀྲང་ཡུན།(张芸)ལུའུ་ཀེ་ཐུན་(刘桂腾)སོགས་ཀྱིས་ཚོགས་ཆུང་རེ་རེའི་གཏམ་བཤད་ཀྱི་སྙིང་བསྡུས་སྙན་ཞུ་ཕུལ་ཞིང་།  ཀྲའོ་ལེ་ཧྥང (赵丽芳)ནས་ཚོགས་འདུའི་མཇུག་སྡུའི་གསུང་བཤད་གནང་། རེབ་འདིའི་བྱེད་སྒོ་ནི། ཀྲུང་གོའི་མཐོ་སློབ་གློག་བརྙན་འཕྲིན་ལྷན་ཚོགས་དང་མི་རིགས་ཆེད་ལས་ཨུ་ཡོན་ལྷན་ཚོགས། ཡུན་ནན་སྒྱུ་རྩལ་སློབ་གླིང་སོགས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པ་ཡིན་ལ། ཡུན་ནན་སྒྱུ་རྩལ་སློབ་གླིང་གློག་བརྙན་འཕྲིན་སློབ་གླིང་ནི་གཙོ་སྒྲུབ་ལས་ཁུངས་ཡིན།

Jietu20181014-210206@2x.jpg


Jietu20181014-205458@2x.jpg

གོ་སྒྲིག་ལྷན་ཚོགས།  

 ( པྲ་དྲའི་གསར་འགོད་པ།  ཀླུ་ཐར་བཀྲ་ཤིས།)

དཔྱད་མཆན་ཡོད།