བོད་ཀྱི་འཁྲབ་ཁྲིད་པར་ཉི་ཧོང་གིATPབྱ་དགའ་ཐོབ།

སྐབས་35བའི་ཉི་ཧོང་གི་ATPབརྙན་འཕྲིན་བྱ་དགའི་མཛད་སྒོ་སྟེ་ཁ་སང་ཉི་ཧོང་གི་རྒྱལ་ས་ཐོ་ཁེའོ་རུ་བསྡུས། དེའི་ཁྲོད་བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་མཁའ་བྱམས་རྒྱལ་གྱིས་འཁྲབ་ཁྲིད་བྱས་ཤིང་། མཚོ་སྔོན་འོད་སྲུང་གློག་བརྙན་ནས་ཕབ་སྐྲུན་བྱས་པའི་དངོས་བཤུས་བརྙན་འཕྲིན་《འོད་ཀྱི་ཕྲུ་གུ》ལ་ཉི་ཧོང་གི་ATPཡི་ཕུལ་བྱུང་བྱ་དགའ་ཐོབ་འདུག འདི་ནི་2019ལོའིATPཡི་བྱ་དགའ་ཐོབ་པའི་ཀྲུང་གོའི་བརྩམས་ཆོས་གཅིག་པུ་དེ་ཆགས་འདུག
ATPརྟགས་མ་ནི་ཡ་གླིང་གི་སྤྱི་བའི་རྒྱང་སྒྲོག་བརྙན་འཕྲིན་ཁང་ཆེས་ཆེ་ཤོས་NHKདང་ཉི་ཧོང་རྒྱལ་ཡོངས་ཀྱི་བརྙན་འཕྲིན་ཁང་སོ་སོ་ནས་ལོ་ཧྲིལ་བོར་བཏང་བའི་ལེ་ཚན་ཟློས་གར་གྱི་རིགས་དང་དངོས་བཤུའི་རིགས། ཆ་འཕྲིན་གྱི་རིགས། རིག་རྩལ་གྱི་རིགས།ཁྲོད་བདམས་པ་ཡིན་ལ། ལོ་རེའི་དབྱར་ཟླ་འབྲིང་བར་རྒྱལ་ས་ཐོ་ཁེའོ་རུ་འཚོགས་ཀྱིན་པའི་བརྙན་འཕྲིན་ལས་རིགས་ཀྱི་དགྱེས་འཛོམས་ཆེས་ཆེ་ཤོས་དེ་ཡིན་འདུག 2018ལོར་ཉི་ཧོང་བརྙན་འཕྲིན་ཁག་ནས་བཏང་བའི་ཕུལ་བྱུང་ལེ་ཚན་བརྒྱ་ཕྲག་ལས་«འོད་ཀྱི་ཕྲུ་གུ་»ལ་ATPཡི་བྱ་དགའ་ཐོབ། ATP ནི་1984ལོར་བཙུགས་པ་ཡིན་ལ། ཉི་ཧོང་བརྙན་འཕྲིན་མཐུན་ཚོགས་ནས་གཙོ་སྒྲུབ་གནང་གིན་ཡོད་ཅིང་། བྱ་དགའ་འདི་ནི་གློག་བརྙན་ཕབ་སྐྲུན་ཀུང་སིས་སྤྱི་ཚོགས་ལ་འདོན་པའི་བྱེད་ནུས་དང་། གློག་བརྙན་དོན་གཉེར་བ་དག་གིས་གློག་བརྙན་ལ་བཅངས་བའི་བརྩེ་བ་དང་སྟོབས་ཤུགས་ལ་གཞོགས་འདེགས་མཛད་པའི་བྱ་དགའ་ཞིག་རེད།
«འོད་ཀྱི་ཕྲུ་གུ»ནི་2017ལོར་ཐོ་ཁེའོ་དངོས་བཤུས་གསར་རྩོམ་ལ་མ་རྩ་གཏོང་བའི་བྱེད་སྒོའི་(Tokoy Docs)སྟེང་དུ་“མཚར་སྡུག་གི་ཡ་གླིང”སྡེ་ཚན་གྱི་བྱ་དགའ་ཐོབ། སྡེ་ཚན་འདིའི་ཁྲོད་ཡ་གླིང་གི་གློག་བརྙན་འགྲན་ཞུགས་དག་ལས་རྩེ་གྲ་གསུམ་ལ་བྱ་དགའ་ཐོབ་ཅིང་། «འོད་ཀྱི་ཕྲུ་གུ»ལ་དེའི་ཁྲོད་བྱ་དགའ་ཨང་དང་པོ་ཐོབ། མཚར་སྡུག་གི་ཡ་གླིང་ཞེས་བ་ནི་ཉི་ཧོང་དང་ཡ་གླིང་གི་འཁྲབ་ཁྲིད་བ་དག་གིས་ཡ་གླིང་གི་སྣ་མང་རིག་གནས་དང་ཕུན་སུམ་ཚོགས་པའི་བརྗོད་བྱར་མཉམ་ལས་གནང་བར་རམ་འདེགས་བྱེད་པའི་སྡེ་ཚན་ཞིག་རེད།

དཔྱད་མཆན་ཡོད།