འཁྲབ་ཁྲིད་པ་བློ་བསྟན་གྱི་གློག་བརྙན་མདུད་པས་བྱ་དགའ་ཐོབ་པ།

  སྐབས་བཅུ་དྲུག་པའི་ཨ་རིའི་གོ་ལ་ཡོངས་ཀྱི་སྣ་མང་རིག་གནས་གློག་བརྙན་དུས་ཆེན་དུ་རྒྱལ་ཁབ་སུམ་ཅུའི་བརྙན་ཐུང་ཆིག་སྟོང་ལྷག་ཞུགས་ཡོད་ལ། དེ་དག་ལས་གློག་བརྙན་ཉེར་ལྔ་གདམས་པའི་ཁྲོད་དུ་གློག་བརྙན་མདུད་པ་ཡང་ཚུལ་འདུག

  གློག་བརྙན་མདུད་པ་ནི་བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྟག་འབུམ་རྒྱལ་གྱི་སྒྲུང་ཐུང་༼དགུན་ཤ་༽ཞེས་པ་འཁྲབ་གཞུང་དུ་བཅོས་ཤིང་ཉིས་སྟོང་བཅུ་དྲུག་ལོར་བློ་བསྟན་གྱིས་འཁྲབ་ཁྲིད་བྱས་ཏེ་ཕབ་སྐྲུན་ལེགས་འགྲུབ་བྱུང་བའི་བརྙན་ཐུང་ཞིག་ཡིན།

  བརྙན་ཐུང་འདི་ཉིས་སྟོང་བཅོ་བརྒྱད་ལོར་པེ་ཅིན་གློག་བརྙན་སློབ་གླིང་དུ་གཟིགས་འབུལ་བྱས་ཏེ་ཆེད་ལས་མི་སྣ་དག་གིས་གཟེངས་སྟོད་དང་འགའ་བསུ་ཐོབ་པ་མ་ཟད། ཁྱུང་ཆེན་གློག་བརྙན་དུས་སྟོན་སྟེང་དུ་ཡང་ཞུགས་ཏེ་ལྟ་མཁན་མང་པོའི་དགའ་བསུ་ཐོབ་མྱོང་།

དཔྱད་མཆན་ཡོད།