སྤྱི་ལོ2019ལོའི་པེ་ཅིན་གྱི་དུས་ཚོད་ཟླ10ཚེས26ཉིན།ཨ་རིའི་ཅི་ཀ་སྒོའི་ས་གནས་ཀྱི་དུས་ཚོད་ཟླ10ཚེས25ཉིན་གྱི་དགོང་མོའི་ཆུ་ཚོད8སྟེང་།)ཅི་ཀ་སྒོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་ང་ལྔ་བའི་བྱ་དགའ་སྤྲོད་པའི་མཛད་སྒོ་གཟབ་རྒྱས་ངང་མཇུག་བསྡུས།

འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་གསར་བ«དབུགས་ལྒང»ཅི་ཀ་སྒོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་ང་ལྔ་བའི་རྟིང་རྩོད་སྡེ་ཚན་གཙོ་བོར་ཚུད་དེ「འཁྲབ་གཞུང་རྩེ་གྲའི་བྱ་དགའ」ཐོབ།“འཁྲབ་གཞུང་རྩེ་གྲའི་བྱ་དགའ་ཆེན་མོ”འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི«དབུགས་ལྒང»ལ་ཐོབ། འདི་ནི་ཁ་མཚར་དང་སྐྱོ་སྡུག་གིས་ཁེངས་པའི་གློག་བརྙན་ཞིག་རེད། བརྩམས་ཆོས་འདིས་དཔྱད་འདེམས་ཚོགས་པ་ཧང་སངས་པར་བྱས། དེ་དང་ཆབས་ཅིག་ཏུ་ང་ཚོ་འཇིག་རྟེན་འདིའི་སྡེ་གྲོང་གི་རང་མདངས་མངོན་པར་གསལ་བའི་གནས་ཤིག་ཏུ་དབང་མེད་ངང་ཁྲིད།ཐེངས་འདིའི་ཅི་ཀ་སྒོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་སུ། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི«དབུགས་ལྒང»ཞེས་པ་ཨ་རིའི་ས་གནས་དེ་གའི་དུས་ཚོད་ཟླ10ཚེས20ཉིན་གྱི་ཕྱི་དྲོའི་ཆུ་ཚོད5:45སྟེང་ཡོངས་བསྒྲགས་གཟིགས་འབུལ་གནང་། འདི་ཡང་གློག་བརྙན«དབུགས་ལྒང»ཨ་རིའི་རྒྱལ་ཁོངས་ནས་ཐོག་མར་བསྟན་པ་ཡིན་པར་མ་ཟད།ཨ་རིའི་ས་གནས་དེ་གའི་སྤྱི་ཟླ10ཚེས21ཉིན་གྱི་ཕྱི་དྲོའི་ཆུ་ཚོད8:15ཐོག་ཡོངས་བསྒྲགས་གཟིགས་འབུལ་ཐེངས་གཉིས་པ་བྱས། ཡུལ་དངོས་སུ་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་ལྟ་མཁན་ཡོངས་ལ་གློག་བརྙན་དང་འབྲེལ་བའི་ལབ་གླེང་བྱས་ཤིང་། གཟིགས་མོ་བ་ཡོངས་ཀྱིས་ཀྱང་བོད་ཡུལ་ནས་འབྱོར་བའི་གློག་བརྙན་བརྩམས་ཆོས་འདི་ལ་གདེང་འཇོག་མི་དམན་པ་གནང་། ཐེངས་འདིའི་ཅི་ཀ་སྒོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་སུ། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི«དབུགས་ལྒང»ཞེས་པ་ཨ་རིའི་ས་གནས་དེ་གའི་དུས་ཚོད་ཟླ10ཚེས20ཉིན་གྱི་ཕྱི་དྲོའི་ཆུ་ཚོད5:45སྟེང་ཡོངས་བསྒྲགས་གཟིགས་འབུལ་གནང་། འདི་ཡང་གློག་བརྙན«དབུགས་ལྒང»ཨ་རིའི་རྒྱལ་ཁོངས་ནས་ཐོག་མར་བསྟན་པ་ཡིན་པར་མ་ཟད།ཨ་རིའི་ས་གནས་དེ་གའི་སྤྱི་ཟླ10ཚེས21ཉིན་གྱི་ཕྱི་དྲོའི་ཆུ་ཚོད8:15ཐོག་ཡོངས་བསྒྲགས་གཟིགས་འབུལ་ཐེངས་གཉིས་པ་བྱས། ཡུལ་དངོས་སུ་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་ལྟ་མཁན་ཡོངས་ལ་གློག་བརྙན་དང་འབྲེལ་བའི་ལབ་གླེང་བྱས་ཤིང་། གཟིགས་མོ་བ་ཡོངས་ཀྱིས་ཀྱང་བོད་ཡུལ་ནས་འབྱོར་བའི་གློག་བརྙན་བརྩམས་ཆོས་འདི་ལ་གདེང་འཇོག་མི་དམན་པ་གནང་།

དཔྱད་མཆན་ཡོད།