གློག་བརྙན«དབུགས་ལྒང»གི་གནས་ཚུལ་གསར་པ།

ཉེ་ཆར། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་གློག་བརྙན་བྱ་དགའ་ཆེན་མོའི(AsiapacireenAwards,APSA)འོས་མིང་ནང་ཚུད་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་ལས།པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི་བརྩམས་ཆོས་གསར་བ«དབུགས་ལྒང»ཞེས་པ(Balloion)རྟིང་རྩོད་འགྲན་བསྡུར་གྱི་འོས་མིང་དུ་ཚུད་པའི་གནས་ཚུལ་འབྱོར་འདུག དེ་ནི་གློག་བརྙན་དང་འཁྲབ་གཞུང་ཡག་ཤོས་གཉིས་རེབ་འདིའི་རྩེ་གྲའི་བྱ་དགའའི་འོས་མིང་དུ་ཚུད་པ་རེད།

  འདི་ནི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི《ཐར་ལོ》(༢༠༡༥ལོ)རྗེས་ནས་ཡང་བསྐྱར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གློག་བརྙན་བྱ་དགས་གཟིགས་སྐྱོང་ཐོབ་པ་ཡིན།ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་གློག་བརྙན་བྱ་དགའ་ཆེན་མོའི་སྟེང་། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན《ཐར་ལོ》ལ་བརྙན་ལེན་རྩེ་གྲའི་དམིགས་བསལ་བྱ་དགའ་དང་། སྐྱེས་པ་འཁྲབ་སྟོན་པ་རྩེ་གྲའི་བྱ་དགའི་འོས་མིང་དུ་ཚུད་ཡོད།མིང་གྲགས་ཆེ་བའི་གློག་བརྙན་《ཐར་ལོ》ཞེས་པ་ད་ལྟའི་བར་དུ་གློག་བརྙན་ལ་དགའ་མཁན་རྣམས་ཀྱིས་དགའ་བསུ་ཚད་མེད་ཐོབ་ཀྱིན་ཡོད་པར་མ་ཟད།མིའི་རིགས་ཀྱི་བསམ་པའི་འཇིག་རྟེན་གྱི་ཕུལ་དུ་བྱུང་བའི་བརྩམས་ཆོས་སུ་བགྲང་བཞིན་ཡོད།

འདས་པའི་ལོ་ངོ་ལྔའི་རིང་དུ། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཡང་བསྐྱར“ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་གློག་བརྙན་བྱ་དགའ་ཆེན་མོ”ཡི་གར་སྟེགས་སུ་འགྲེངས་པ་ནི། ཁོང་གི་བརྩམས་ཆོས་གསར་བ་དབུགས་ལྒང་ཁུངས་སྣེ་རུ་བཟུང་སྟེ། འཁྲིག་སྤྱོད་ཤེས་བྱའི་སློབ་གསོ་དང་།འཁྲིག་སྤྱོད་བདེ་འཇགས་ཀྱི་སློབ་གསོ། རྨང་གཞིའི་སློབ་གསོ། འཆར་ལྡན་བུ་སྐྱེ།འཁོར་བའི་ལྟ་བ། སྐྱེས་མའི་རིང་ལུགས་ལ་སོགས་པའི་བརྗོད་གཞི་དང་འབྲེལ་ནས་ཕལ་བའི་ཁྱིམ་ཚང་ཞིག་གི་དགའ་སྐྱོ་ཆགས་སྡང་ལ་རྐྱ་འཐབ་ཏེ།དུས་རབས་ཉི་ཤུ་པའི་དུས་འགོའི་བོད་ཁུལ་ཧྲིལ་པོའི་འཚོ་བའི་དཔེ་རིས་ཤིག་གསར་དུ་བསྐྲུན་ཡོད།

དཔྱད་མཆན་ཡོད།