ཕིན་ཡོའོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་གི་བོད་བརྙན་གསུམ།

  ཕིན་ཡོའོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་གསུམ་པ་དེ་སྤྱི་ཟླ༡༠བའི་ཚེས་༡༠ནས་ཕིན་ཡོའི་རུ་འཚོགས་འགོ་བརྩམས་ཤིང་། རྒྱལ་ཕྱི་ནང་གི་ཕུལ་བྱུང་གློག་བརྙན་པ་ཚོས་རང་རང་གི་བརྩམས་ཆོས་དག་ཁྱེར་ནས་གདན་གཅིག་ཏུ་འཛོམས་ཏེ། གློག་བརྙན་གཟིགས་འབུལ་དང་གློག་བརྙན་བགྲོ་གླེང་སོགས་ཀྱི་གསོལ་སྟོན་རྒྱ་ཆེར་བཤམ་འགོ་ཚུགས་པ་དང་། དེའི་ཁྲོད་དུ་བོད་ཀྱི་གློག་བརྙན་གསུམ་ཀྱང་དུས་གཅིག་གནས་གཅིག་ཏུ་འཛོམས་ཡོད་པར་བརྟེན་ཀུན་གྱིས་དགའ་འབོད་རྟེན་འབྲེལ་གྱི་ཤིས་ཚིག་གིས་དབུ་ཚུགས།

  ཕིན་ཡོའོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནི་མིང་དུ་གྲགས་པའི་གློག་བརྙན་བཟོ་སྐྲུན་པ་དང་། གློག་བརྙན་ལོ་རྒྱུས་མཁན།གློག་བརྙན་དཔྱད་བརྗོད་པ་བཅས་གློག་བརྙན་རིག་གནས་ཀྱི་གྲུབ་འབྲས་འགང་ཆེན་པ་སྟེ། མ་ཁི་མུ་ལེ་དང་། མིང་དུ་གྲགས་པའི་འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ་ཅྰ་ཀྲང་ཁི་གཉིས་ཀྱི་གཙོ་སྒྲུབ་གནང་བའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དག་གི་ཁྲོད་དུ་ཁྱད་ཆོས་མངོན་པར་མཐོ་བའི་གློག་བརྙན་སྟེགས་བུ་ཞིག་ཏུ་གྱུར་ཡོད།

  ཐེངས་འདིར་ཕིན་ཡོན་རྒྱལ་སྤྱིའི་གློག་བརྙན་འགྲེམ་སྟོན་གྱིས་རྒྱལ་ཁབ་དང་ས་ཁུལ་བཅོ་བརྒྱད་ལྷག་ནས་ཐོན་པའི་ཕུལ་བྱུང་གློག་བརྙན་ལྔ་བཅུ་ལྷག་འགྲེམས་སྟོན་གནང་གིན་ཡོད་པ་རེད་ལ། དེའི་ཁྲོད་དུ་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་་གྱི་གློག་བརྙན་གསར་པ་«དབུགས་ལྒང་»དང་། འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་གློག་བརྙན་གསར་བ་«ལྷ་མོ་དང་སྐལ་བྷེ་»དང་། འཁྲབ་ཁྲིད་པ་གདུགས་དཀར་ཚེ་རིང་གི་གློག་བརྙན་གསར་པ་«ཁོ་དང་བློ་ཡི་གཏེར་»བཅས་གཟིགས་འབུལ་འགྲེམས་སྟོན་གནང་ཡོད་པ་རེད།

དཔྱད་མཆན་ཡོད།