གློག་བརྙན་«སྒོ་སམ»ལ་ཡང་བསྐྱར་བྱ་དགའ་ཐོབ།

  གཞོན་སྐྱེས་འཁྲབ་ཁྲིད་པ་ཡོན་ཏན་གྱི་གློག་བརྙན་«སྒོ་སམ»ལ་2018ལོའི་CYFFན་གཞོན་གློག་བརྙན་གླེང་སྟེགས་ཁྲོད་རྟོགས་པ་མཐོ་བའི་གློག་བརྙན་རྩེ་གྲས་ཀྱི་བྱ་དགའི་རྟགས་མ་ཐོབ།།

སྤྱི་ཟླ་༡༢པའི་ཚེས་༩ཉིན་2018CYFFན་གཞོན་གློག་བརྙན་གླེང་སྟེགས་དེ་རྒྱ་ནག་ཁྲི་འདི་རུ་བསྐོངས་ཚོགས་གནང་། 2018CYFFན་གཞོན་གློག་བརྙན་གླེང་སྟེགས་ནི་གློག་བརྙན་སྒྱུ་རྩལ་གྱི་རིན་ཐང་ལྟེ་བར་བཟུང་བའི་གློག་བརྙན་རིག་གནས་ཀྱི་སྡིངས་ཆ་དམིགས་བསལ་སྐྲུན་པ་ཞིག་ཡིན་ལ། 2018ལོའི་CYFFགློག་བརྙན་དུས་སྟོན་དུ་ཕྱོགས་ཡོངས་ནས་འགྲན་ཞུགས་གློག་བརྙན་གཅིག་སྟོང་ལྷག་གདམས་པའི་ཁྲོད། མཐའ་མཇུག་གི་རྟིང་རྩོད་སྡེ་ཚན་དུ་ཚུད་པའི་གློག་བརྙན་40གདམས་ཐོན་བྱུང་ཡོད་པ་རེད་ལ། དེའི་ཁྲོད་དུ་བོད་ཀྱི་གཞོན་སྐྱེས་འཁྲབ་ཁྲིད་པ་ཡོན་ཏན་གྱི་གློག་བརྙན་«སྒོ་སམ»ལ་རྟོགས་པ་མཐོ་བའི་གློག་བརྙན་རྩེ་གྲས་ཀྱི་བྱ་དགའི་གཟེངས་རྟགས་ཐོབ།

དཔྱད་འདེམས་ཚོགས་པས་གློག་བརྙན་«སྒོ་སམ»ལ་གདེང་འཇོག་གནང་བའི་འབུལ་ཚིག
   འཁྲབ་ཁྲིད་པས་ངོ་མཚར་བའི་ཚེ་སྲོག་གི་སྣེ་མོར་འཇུས་ཏེ། དཀའ་སྤྱད་འབད་བརྩོན་ཁྲོད་གནས་པའི་མཐོ་སྒང་གི་དག་ཞིང་དེ་སྔར་བཞིན་བརྩེ་བ་དང་མཛེས་སྡུག་གི་ཕྱོགས་སུ་འཁྲིད་ཀྱིན་འདུག ཁོང་གིས་ཧ་ཅང་ཐབས་ལབ་སྟབས་བདེའི་ངང་བརྙན་མིག་གི་ལམ་ནས་བོད་ཁུལ་གྱི་ན་གཞོན་པའི་ཟོལ་མེད་དང་འཆར་ཡན་མངོན་གྱིན་འདུག་ལ། ཡིད་དུ་འོང་བའི་སྙན་ངག་ཤོག་ལྷེ་གཅིག་ཀློག་པ་དང་འདྲ་ཞིང་དེ་བཞིན་ད་དུང་ཚེ་སྲོག་གི་ཟིང་ཆར་ལྷུང་བའི་ཉིན་ཐོ་ཞིག་དང་ཡང་འདྲའོ།། དེའི་ཞོར་དུ་སློབ་གསོའི་འཐུས་ཤོར་དང་། དེ་ལ་སྐུལ་འདེད་དང་བརྟན་སྲུང་གནང་བའི་ངང་སྐོམ་པ་ཆུ་འདོད་ལྟར་ངང་སྒུག་བྱས་པའི་བརྩེ་བ་ཡིས་ང་ཅག་ལ་སྔར་བཞིན་ཚེ་སྲོག་གི་བློ་བརྟན་དང་མཛེས་སྡུག་བསྩལ་ཡོད། །

དཔྱད་མཆན་ཡོད།