བོད་སྤྱི་ཚོགས་ཁྲོད་ཀྱི་ཆེས་ཐོག་མའི་འཁྲིག་སྤྱོད་གློག་བརྙན།

  ངས་ཤེས་ཚོད་ལྟར་བྱས་ན་བོད་ཕྱི་ནང་གཉིས་ཀར་བོད་མི་ཞིག་གིས་ཆེས་ཐོག་མར་འཁྲབ་པའི་འཁྲིག་སྤྱོད་སྐོར་གྱི་གློག་བརྙན་ནི། བལ་ཡུལ་གྱི་ཀརྨ་པདྨོ་དང་ཁ་ན་ཌའི་སྐྱེས་པ་ཞིག་གིས་འཁྲབ་པའི་འཁྲིག་སྤྱོད་གློག་བརྙན་དེ་ཡིན་ལ། སྲོལ་རྒྱུན་གྱི་བསམ་བློའི་དབང་ཤུགས་འོག་གློག་བརྙན་དེ་ཡང་ཀརྨ་པདྨོའི་མོས་མཐུན་ཐོབ་པ་དང་། མོ་རང་གློག་བརྙན་དེ་ལྟ་བུ་ཞིག་འཁྲབ་རྒྱུར་འདོད་འདུན་བྱུང་བ་སོགས་གང་ཡང་མིན་པར། ཁོ་མོ་ཁ་ན་ཌའི་སྐྱེས་པ་དེས་གཡོ་སྒྱུའི་འོག་ཤོར་ནས་ད་གཟོད་འཁྲིག་སྤྱོད་གློག་བརྙན་དེ་འཁྲབ་དགོས་བྱུང་བ་རེད། སྤྱིར་བཏང་ང་ཚོ་འཇིག་རྟེན་གྱི་ཁྱིམ་པ་ཡིན་ཚད་ཀྱིས་འཁྲིག་སྤྱོད་འཁྲབ་སྟོན་བྱེད་ཀྱིན་ཡོད་ཀྱང་། དངོས་སུ་སྤྱི་ཚོགས་སུ་ཁྲོམ་སྟོན་བྱེད་ཀྱིན་མེད་པ་ཙམ་རེད།

  ཀརྨ་པདྨོས་འཁྲབ་སྟོན་བྱས་པའི་འཁྲིག་སྤྱོད་གློག་བརྙན་དེ་སྤྱི་ཚོགས་ཁྲོད་སླེབས་རྗེས་ངས་གནས་ཚུལ་མི་འདྲ་བ་གཉིས་ལ་དོ་སྣང་བྱུང་། གཅིག ནམ་རྒྱུན་ནས་འཁྲིག་སྤྱོད་གློག་བརྙན་ལ་ལྟ་རྒྱུར་དགའ་བའི་མི་རྣམས་ཀྱིས་འཚང་ཁ་ཤིག་ཤིག་གིས་ཁོ་མོའི་འཁྲིག་སྤྱོད་གློག་བརྙན་དེར་ལྟ་རྒྱུར་འབད་བརྩོན་བྱེད། གཉིས། འུར་འགྲོགས་ལ་དགའ་བའི་མི་མང་བོ་ཞིག་གིས་ཀརྨ་པདྨོ་བོད་མི་རིགས་ཀྱི་རྐང་སྒུལ་མཁན་དང་བླ་བཙོང་མཁན་རེད་ཟེར་ནས་དམོད་མོ་སྣ་ཚོགས་བྱེད་པ་དེ་རེད། སྐབས་དེར་ཚོགས་པ་ག་གེ་མོ་ཞིག་གིས་ཁོ་མོའི་གློག་བརྙན་གྱི་འོད་སྡེར་ངོ་བཤུས་བརྒྱབས་ཏེ། ངྷ་ས་ཁུལ་དུ་རིན་མེད་དུ་འགྲེམ་སྤེལ་བྱས་པ་རེད་ལ། དེ་ནི་ཀརྨ་པདྨོས་བོད་མི་རིགས་ལ་ནག་ཉེས་བཟོས་སོང་། བླ་སྲོག་སྒུལ་སོང་ཟེར་ནས་མང་ཚོགས་ལ་ཁ་རྡུང་གཏོང་འཇུག་པའི་ཆེད་ཙམ་རེད།

  ཡིན་ནའང་། ཁོང་ཚོས་དེའི་ལྡོག་ཕྱོགས་ནས་བསམ་བློ་སྣ་གཅིག་ཀྱང་བཏང་མེད། དཔེར་ན། བུད་མེད་དེའི་མི་ཚེའི་མདུན་ལམ་དང་དོན་དངོས་གཉིས། ཇི་ལྟར་བཤད་རུང་ང་ཚོས་བུད་མེད་དེའི་གཞུག་ཕྱོགས་ཀྱི་མདུན་ལམ་ཐད་དུ་ངེས་པར་དུ་དོ་སྣང་བྱེད་དགོས་པ་ཞིག་ཡིན། ཁོ་མོ་རང་ཉིད་ལ་གློག་བརྙན་དེ་འཁྲབ་རྒྱུར་འདོད་འདུན་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། གང་ལྟར་ཡང་། གསལ་བོར་ཤེས་དགོས་པ་ཞིག་ང་ཚོ་འགྲོ་བ་མིའི་རིགས་ཀྱིས་སྤྱོད་ཀྱིན་པའི་འཁྲིག་སྤྱོད་ཀྱི་ལས་ཤིག་བྱས་པར། དེ་ལྟ་བུའི་ཁ་རྡུང་དང་ནག་ཉེས་སྣ་ཚོགས་འབབ་ན། བོད་སྤྱི་ཚོགས་ཁྲོད་ན་བཙན་པོ་དབང་ཡོད་ཀྱིས་ཆུང་མ་གཞོན་ནུ་མ་ལེན་པའི་རྒས་འཁོགས་ཚོ་དང་། ཆུང་མ་ལྔ་དང་དྲུག་ལེན་པའི་ཚོང་དཔོན་དང་བླ་ཆེན་ཚོའི་ནག་ཉེས་གང་དུ་འདེད་དམ། ཁྱེད་ཚོས་ཁོང་ཚོས་ངོ་ཚ་རྒྱུ་མེད་ཅིང་འཇིག་རྟེན་གྱི་ལས་འབྲས་དང་མི་མཐུན་པའི་ལས་བྱས་པ་ཙམ་ལས། བོད་སྤྱི་ཚོགས་ཀྱི་མཚན་སྙན་ལ་གནོད་པའི་ལས་ཤིག་བྱས་མེད་ཟེར་སྲིད་མོད། དོན་དངོས་ཐོག་དེ་གཉིས་ཀྱིས་གང་ཞིག་གིས་བོད་སྤྱི་ཚོགས་ཀྱི་མཚན་སྙན་ལ་གནོད་ཀྱིན་པ་ཤེས་སམ། མ་མཐར་ཡང་བོད་ཡུལ་ཕར་ཕུལ་བའི་རྒྱལ་ཁབ་གཞན་ན་ཀརྨ་པདྨོ་ལྟ་བུ་ནི་ཁེངས་བསྡད་ཡོད་སྟབས། ང་ཚོས་མ་ཉེས་ཁ་གཡོགས་བྱེད་ས་མི་འགྲོ་བ་དེ་སེམས་ནས་མ་བརྗེད་པ་གནང་རོགས།

  སྲོལ་རྒྱུན་གྱི་བསམ་བློའི་དབང་ཤུགས་ཧ་ཅང་བཙན་པའི་རྒྱ་གར་ལྟ་བུར་མཚོན་ནའང་། འཁྲིག་སྤྱོད་སྐོར་གྱི་གློག་བརྙན་སྣ་ཚོགས་ཡོད་ལ་གློག་བརྙན་དེ་དག་ལས་ང་ཚོས་ཀརྨ་པདྨོ་ལས་ཀྱང་སྡུག་པའི་ལྟད་མོ་སྣ་ཚོགས་ལ་ལྟ་ཐུབ། སྐབས་འདིར་ངས་དགེ་ཆོས་ཀྱི་ཚིག་གཅིག་ཡིད་ལ་དྲན་བྱུང་སྟེ། ཁོང་གིས།གང་ལྟར་ངས་ཀརྨ་པདྨོས་འཁྲབ་སྟོན་བྱས་པའི་འཁྲིག་སྤྱོད་གློག་བརྙན་དེར་ཐེངས་གཉིས་ལ་བལྟས་ཤིང་། ངས་བསམ་ན་ཀརྨ་པདྨོ་ཁོ་མོ་རང་ཉིད་ལ་མཚོན་ན་ཁོ་མོས་འཁྲབ་སྟོན་བྱས་པ་ཧ་ཅང་བཟང་གི་སྙམ། ངས་བློ་སྤོབས་ཆེན་པོས་བཤད་ཐུབ་པ་ཞིག་ནི་ང་ཚོ་བཙན་བྱོལ་སྤྱི་ཚོགས་འདིའི་ཁྲོད་དུའང་ཁྲོམ་སྟོན་མ་བྱས་པ་ཙམ་ལས། ཕྱི་གླིང་བ་ཇི་བཞིན་འཁྲིག་སྤྱོད་སྐབས་མཚན་མ་འཇུག་ལྡག་གི་ལས་བྱེད་མཁན་མང་བོ་ཡོད་ཐོག བཤང་ལམ་དུ་འཁྲིག་སྤྱོད་བསྟེན་མཁན་གྱི་བཟའ་ཟླ་ཡོད་པའང་། ངས་གསལ་བོར་ཤེས་ཀྱིན་ཡོད་ཅིང་། དེ་ལྟ་བུའི་འཁྲིག་སྤྱོད་བསྟེན་མཁན་གྱི་བོད་རིགས་བུད་མེད་ཅིག་གིས་ད་དུང་དེ་ནི་ཁྱོ་གའི་འདོད་འདུན་སྐོང་ཆེད་ཙམ་ལས། ཁོ་མོ་རང་ཉིད་དེ་ལ་འདོད་འདུན་གཏན་ནས་མེད་ཟེར་བ་དེ་རེད།

  དེ་ལྟར་ན། ང་ནི་ཀརྨ་པདྨོས་འཁྲབ་སྟོན་བྱས་པའི་གློག་བརྙན་དེར་ཧ་ཅང་དགའ་ཞིང་། ཇི་ལྟར་བཤད་རུང་བོད་གསུམ་བོད་ཅིག་གིས་འཁྲབ་སྟོན་བྱས་སྟབས། དེར་ལྟ་སྐབས་བློ་ཐག་ཉེ་བའི་ཚོར་བ་ཞིག་འདུག་ལ་ངས་ནི་ཀརྨ་པདྨོས་འཁྲབ་སྟོན་བྱས་པ་ཧ་ཅང་བཟང་གི་སྙམ། དེ་ལས་ཁེ་ན་ཌའི་སྐྱེས་པ་དེ་འཁྲིག་སྤྱོད་ལ་བྱང་རྩལ་མེད་ཐོག འཁྲིག་ཐབས་ཀྱང་བཟང་བོ་མི་ལྡན་པ་དེ་རེད། སྐབས་རེར་ཁོས་འཁྲིག་པ་སྤྱད་པ་ཅུང་བཟང་ཚེ་ཀརྨ་པདྨོས་སིད་སྒྲ་སྙིང་རྗེ་བོ་ཞིག་རྒྱག་གི་འདུག་ཀྱང། ཅང་མི་འགོར་བར་འཇོན་མེད་ནུས་མེད་ཀྱི་ཁ་ན་ཌེའི་སྐྱེས་པ་དེས་འཁྲིག་ཐབས་བསྒྱུར་བ་དང་ཐང་ཆད་པའི་ཉམས་བསྟན་ཚེ། ཀརྨ་པདྨོར་བློ་གཅིག་རྩེ་གཅིག་ལ་འཁྲིག་བདེ་མྱོང་རྒྱུར་བར་ཆད་ཆེན་པོ་བཟོས་ཡོང་། ཡང་ངས་གནད་དོན་གཞན་ཞིག་ལ་དོ་སྣང་བྱུང་། ཁོ་མོར་མཚོན་ན་ཕྱི་གླིང་བ་ཇི་བཞིན་ཁེ་ན་ཌའི་སྐྱེས་པ་དེའི་ཕོ་མཚན་འཇུབ་ལྡག་བྱེད་ཀྱིན་འདུག་ཀྱང་། ཁོ་མོ་དེ་ལ་མཐའ་གཅིག་ཏུ་འདོད་འདུན་མེད་པའི་རྣམ་འགྱུར་མངོན་ཡོང་བ་དེ་རེད། དེས་ཅི་ཞིག་མཚོན་གྱིན་འདུག་ཟེར་ན་གློག་བརྙན་དེའི་ནང་གསལ་བ་ལྟར་ཁེ་ན་ཌེའི་སྐྱེས་པ་དེར་ཁོ་མོས་དངུལ་མང་བོ་ཆད་སྟབས། དེ་ལྟར་མི་བྱེད་རང་བྱེད་ཆགས་པ་ཞིག་ཡིན་པའི་ཚོད་དུ་འདུག

དཔྱད་མཆན་ཡོད།