«དགུན་གྱི་མེ་ཏོག»དངོས་སུ་འགྲེམ་སྤེལ་བྱས།

  ཉེ་ཆར། འབྲོང་ཕྲུག་ལྷ་ཆེན་རྒྱལ་གྱི་གློག་བརྙན་འཁྲབ་གཞུང་གཅེས་བཏུས་«དགུན་གྱི་མེ་ཏོག»ཅེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དངོས་སུ་འགྲེམ་སྤེལ་བྱས།

  དེབ་འདིའི་ནང་དུ་གློག་བརྙན་འཁྲབ་གཞུང་«རླུང་ལ་སྒུག་པ»དང་བརྙན་འཕྲིན་ཟློས་གར་གྱི་འཁྲབ་གཞུང་«མེ་ཏོག་སེར་ཆེན»སྤྱི་ཕན་བརྙན་ཐུང་འཁྲབ་གཞུང་«དགུན་གྱི་མེ་ཏོག» རོགས་མཐུན་གློག་བརྙན་འཁྲབ་གཞུང་«དབྱངས་ལ་བརྒྱུས་པའི་བརྩེ་བ»སྔོན་འགྲོ་སློབ་གསོའི་བརྙན་ཐུང་«ང་ཚོ་ལ་རྩེད་ར་ཆུང་ཆུང་ཞིག་གནོངས་དང»རླུང་འཕྲིན་ཟློས་གར་གྱི་འཁྲབ་གཞུང་«འབྲོག་ཐང་ལ་ཕྱིན་པའི་རྨི་ལམ»བཅས་ཁག་དྲུག་བསྡུས་ཡོད། དེ་དག་ལས་མང་ཤོས་ཤིག་བརྙན་དུ་ཕབ་ཟིན་ལ། ས་གནས་བརྙན་འཕྲིན་ཁང་དང་དྲ་ལམ་སོགས་སུ་བརྒྱུད་གཏོང་ཀྱང་བྱས་ཡོད།

དཔྱད་མཆན་ཡོད།