བདུན་རེའི་གློག་བརྙན་འཕྲིན་གསར་ཕྱོགས་བསྡུས།


1936879433.jpg

      སྤྱི་ཟླ༥པའི་ཚེས༢༣ཉིན། གཟའ་མིག་དམར། མཁའ་བྱམས་རྒྱལ་གྱིས་འཁྲབ་ཁྲིད་དང་འཁྲབ་གཞུང་གི་འགན་འཁུར་ནས་ཕབ་བསྐྲུན་བྱས་པའི་མི་རིགས་ལོ་རྒྱུས་བརྙན་ཐུང«རྩེ་གཞུང་སྨན་ལྗོངས»ཞེས་པ་དྲ་ཐོག་ཏུ་བཀྲམས།

         གཟིགས་གནས།  https://v.qq.com/x/page/a3515bww9qd.html

1685429651133002.jpg

        སྤྱི་ཟླ༥པའི་ཚེས༢༤ཉིན། གཟའ་ལྷག་པ།  ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་ཉེར་ལྔའི་ལས་གཞི་གསར་སྤེལ་གསབ་སྦྱོང་སྒར་ཁར་ཚུད་པའི་མིང་ཐོ་ཁྱབ་བསྒྲགས་གནང་། ཐེངས་འདིར་སློབ་མ20ནང་ནས་འབུར་དུ་ཐོན་ཞིང་། དེའི་ཁྲོད་དུ་ཕབ་བསྐྲུན་མཁན་མི5དང་འཁྲབ་གཞུང་བཅོས་སྒྲིག་རུ་ཁག་ནང་མི5 འཁྲབ་ཁྲིད་པའི་རུ་ཁག་ནང་མི10བདམས་ཐོན་བྱུང་ཡོད། དགའ་འོས་པ་ཞིག་ལ་འཁྲབ་ཁྲིད་པའི་རུ་ཁག་ནང་ལྷ་སའི་འཁྲབ་ཁྲིད་པ་གངས་སྒྲོན་ཚུད་འདུག

      ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས25སྤེལ་བའི་བར་སྐབས་དེར་ན་གཞོན་གློག་བརྙན་ཕབ་མཁན་དག་གྲལ་གཅིག་དུ་འཛོམས་ནས་ལས་གཞི་གསར་སྤེལ་བྱེད་སྒོའི་ལས་རིམ་དང་པོ་སྤེལ་འཆར་འདུག

1685429703106353.jpg

1685429773123694.jpg

          སྤྱི་ཟླ༥པའི་ཚེས༢༤ཉིན། གཟའ་ལྷག་པ། ཆགས་མེད་རིན་པོ་ཆེའི་གློག་བརྙན་གསར་པ«རྗོར་རྗེ་ཨ»ཞེས་པ་སྤྱི་ཟླ6པའི་ཚེས3ཉིན་རྒྱལ་ཡོངས་གཟིགས་འབུལ་གནང་རྒྱུ་རེད། འཁྲབ་ཁྲིད་པ་ཁོང་གིས་གློག་བརྙན་འདི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་ལེགས་སྐྱེས་ཚུལ་དུ་ཕུལ་བ་ཡིན་ཞིང་། གློག་བརྙན་འདི་དེ་སྔ་ཧེ་ནན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་བཞི་པའི་ཁྲོད་ཚུད་དེ། ས་ཁུལ་དང་རྒྱལ་ཁབ116ནས་ཐོན་པའི་གློག་བརྙན3761ཁྲོད་འབུར་དུ་ཐོན་ནས་གསེར་གྱི་བེ་ཏའི་བྱ་དགའི་ཁྲོད་བདམས་ཐོན་བྱུང་མྱོང་།


        སྤྱི་ཟླ༥པའི་ཚེས༢༦ཉིན། གཟའ་པ་སངས། འཁྲབ་ཁྲིད་པ་བྱང་སྤྲིན་གྱི་གློག་བརྙན་གསར་པ«སྒེའུ་ཁུང»ཞེས་པ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རྫོང་ནས་ཕབ་བསྐྲུན་བྱ་རྒྱུ་ཡིན་པ་གཏན་འཁེལ་ཞིང་། གློག་བརྙན་ཁྲོད་འཁྲབ་སྟོན་པ་བསྡུ་བའི་བརྡ་སྦྱོར་སྤེལ། བརྡ་སྦྱོར་གཤམ་ལྟར།

1685429909877245.jpg


     སྤྱི་ཟླ༥པའི་ཚེས༢༨ཉིན། གཟའ་ཉི་མ། ད་ལོའི་ཁན་ནེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་དོན་དྲུག་པ་དེ་ཧྥ་རན་སིའི་ཁན་ནེ་གྲོང་ཁྱེར་ནས་ཚོགས་ཤིང་། འཁྲབ་ཁྲིད་པ་རུའུ་སི་ཐིང་ཐེ་ལི་ཡེ་ལགས་ལ་གསེར་གྱི་ཏ་ལའི་ལོ་མའི་བྱ་དགའ་ཐོབ་པ་དང་འཁྲབ་ཁྲིད་པ་ཆའོ་ན་སེན་ཀེ་ལེ་ཙེ་ལགས་ལ་དཔྱད་འདེམས་ཚོགས་པའི་བྱ་དགའ་ཆེན་མོ་ཐོབ། ཁྲེན་དབྱིན་ཞིན་ལགས་ལ་འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ་ཐོབ་པ་གསལ་བསྒྲགས་བྱས།

1111.JPG

དཔྱད་མཆན་ཡོད།