འཛམ་གླིང་སྟེང་གྲགས་ཆེ་བའི་འགུལ་རིས་བརྙན་ཐུང་སྐོར་ཞིག

未命名_meitu_0.jpg

༡༠-ཚོར་ཤེས།
      རྣ་ཤེས་ཀྱི་ཚོར་བ་དེ་གཟུགས་རིས་སུ་ཕབ་པའམ་མིག་ཤེས་ཀྱི་ལྟད་མོ་དེ་ཚོ་དབྱངས་སུ་བཅོས་པ། ཡང་ན་དབྱངས་དེས་ཅི་ཞིག་བཤད་ཀིན་འདུག དེ་ནི་ཅི་ཞིག་རེད། གཟུགས་དེས་གང་ཞིག་སྟོན་གིན་འདུག དེ་ནི་གང་ཞིག་རེད། དེ་ནི་སྒྲའམ་དེ་ནི་གཟུགས་སམ་ཡང་ན་ཚོར་བ་རིགས་ཤིག་རིས་སུ་ཕབ་པའམ་ཡང་ན་སེམས་ཀྱིས་ཚོར་བ་སྟེ་དོན་དམ་གང་ཡིན་་་་་་་་་་

      གཟིགས་ཡུལ། http://v.youku.com/v_show/id_XMjI3Mjg2ODg4.html?x

༩-དངོས་པོའི་ལོངས་སྤྱོད།
      བར་སྐབས་ཤིག་ལ་འགྲོ་བ་མིའི་རིགས་ཀྱིས་རང་ཉིད་གཅིག་པུ་གོ་ལ་ཟླུམ་པོ་འདིའི་བདག་པོ་གཅིག་པུ་རློམ་རྐྱེན། མཁའ་ཡི་འདབ་ཆགས་བྱ་རིགས། ས་ཡི་རྔོག་ཆགས་དུད་འགྲོ རི་ན་གནས་པའི་རི་དྭགས། ནགས་ན་གནས་པའི་གཅན་གཟན། ཆུ་ན་གནས་པའི་སྲོག་ཆགས་ཏེ་མདོར་ན་སྲོག་ཐོགས་ཡོད་ཚད་ཁ་ཡི་ཟས་སུ་ཟ་ཞིང་གཟེབ་ཀྱི་རྒྱ་རུ་བཅུག་ནས་ཁོ་པ་ཚོའི་རང་དབང་འཕྲོག་པས་མི་ཚད་ཁོ་ཚོའི་སྲོག་གི་གཤེད་དུའང་དུས་དང་དུས་མིན་ལ་འབབ་པ་ང་ཚོའི་དབང་ཡུལ་དུ་མངོན་སུམ་བདེན་པར་མཐོང་། ནམ་རྒྱུན་ང་ཚོའི་མིའི་རིགས་ཀྱིས་ཚེ་སྲོག་དང་བརྩེ་དུང་རྩ་ཆེ་ན་ཡང་། རང་དབང་དེ་ལས་ཀྱང་རྩ་ཆེ་ཟེར་བ་མ་ཡིན་ནམ། དེ་ན་རང་དབང་དང་བྲལ་ནས་གཞན་དབང་དུ་འཚོ་བའི་ཉམ་ཆུང་ཁོ་ཚོའི་ལས་དབང་ལ་གཟིགས་དང་། གཟིགས་ནས་ཀྱང་ཁོ་ཚོས་སེམས་བསམ་པའི་སྟེང་ནས་ག་རེ་བསམ་གྱིན་པར་བསམ་བློ་འཁོར་དང་། དེ་ལས་ཁྱེད་ཀྱིས་ཅི་ཞིག་དྲན་ངེས་་་་་་་་་

      གཟིགས་ཡུལ། http://v.youku.com/v_show/id_XMzI4OTAzNzY0.html?x

༨-ཁྱད་མཚར་བའི་དཔེ་ཆ།
      དབེན་ཞིང་ཁུ་སིམ་མེར་སྣང་བའི་ཡུལ་གྲོང་ཞིག་གི་འགྲོན་ཁང་ཆུང་ཆུང་ཞིག་དུ། གཞོན་དར་ཞིག་དཔེ་ཆས་ཁྱབ་པའི་ཉི་ཁྱམས་དྲོད་ས་ཞིག་ཏུ་དཔེ་ཀློག་གིས་ཡིད་བྲོད་ནས་ཡོད་དུས། གློ་བུར་དུ་རླུང་ནག་འཚུབ་མ་གཡུག་ནས་ཁྱིམ་ཆས་དང་ཁང་པ་དང་མི་དང་ཐ་ན་དཔེ་ཆའི་སྟེང་གི་ཡིག་འབྲུ་རེ་རེ་ཡང་བར་སྣང་དུ་ཁུར་ནས་ཐལ། མི་འགྱངས་པར། ཁོ་རང་གད་སྙིགས་ཀྱི་འཇིག་རྟེན་ཞིག་ཏུ་དཔེ་ཆ་ཞིག་དང་མཉམ་དུ་ཡུལ་འཁྱར་བྱེད་དགོས་བྱུང་ཞིང་། སོང་གྱིན་སོང་གྱིན་ཁོ་རང་ཧ་ཅང་ཡིད་དུ་འོང་པའི་ཁང་པ་ཞིག་དུ་སླེབས་ཤིང་སླེབས་ནས་ཀྱང་དེའི་ནང་གི་གྲལ་འགྲིག་པའི་དཔེ་ཆས་ཡིད་སེམས་བཀུག་པས་ད་གཟོད་ཁོ་རང་དཔེ་ཀློག་གི་འཇིག་རྟེན་དུ་བྱིངས་ནས་ཕྱིར་འོང་མེད་པར་གྱུར་ལ། མཐར་ཁོའི་མི་ཚེ་དཔེ་ཀློག་གྱི་ཁྲོད་ནས་འདས་ཤིང་རང་ཉིད་ཀྱི་མི་ཚེའི་གཏམ་རྒྱུད་དཔེ་ཆ་རུ་བྲིས་པ་མ་ཟད། དཔེ་ཁང་དེ་ནས་་་་་་་་་

      གཟིགས་ཡུལ། http://v.youku.com/v_show/id_XMzU5MDczMzE2.html?x

༧-ཕ་དང་བུ་མོ།
      ཕ་དང་བུ་མོ་གཉིས་ལྕགས་རྟ་ལ་ཞོན་ནས་མཚོ་མཐར་སླེབས་རྗེས། བྲལ་གདུང་གི་གདུང་བ་ཇི་འདྲའི་ལྕི་ནའང་སྔར་བཞིན་ཨ་ཕ་ཤིང་གྲུ་ཆུང་ཆུང་ཞིག་ལ་བསྡད་ནས་རྒྱང་དུ་ཆས་དགོས་བྱུང་ལ་ཤུལ་ལུས་ཀྱི་བུ་མོ་ཡང་མཚོ་མཐའ་དེ་དང་སྡོང་འགྲམ་དེ་རུ་རེ་སྒུག་གི་གདུང་བ་ཇི་འདྲའི་ལྕི་ནའང་རེ་སྒུག་བྱ་དགོས་བྱུང་། མི་ཚེའི་དབྱར་དགུན་སྟོན་དཔྱིད་མིག་ཆུ་དང་ཁ་བས་མནན་ཞིང་ཕ་ཡི་ཕྱིར་ལོག་ལ་རེ་ཞིང་སྒུག་པའི་ཁོ་མོ་གནས་མ་བུ་ཁྲིད་དང་བཅས་ཏེ་ཡང་དང་བསྐྱར་དུ་མཚོ་མཐའ་ནས་སྒུག་སྒུག་མཐར་གཟོད་མཚོ་མོ་བསྐམ་ནས་མྱ་ངམ་ཐང་དུ་གྱུར། དེ་ལྟ་དེ་ལྟར། སྐྱེས་ནས་འཚར་ཞིང་འཚར་ནས་རྒས་པའི་ཁོ་མོས་ད་གཟོད་རྒྱང་ནས་རྒྱང་ལ་ཅེར་རྒྱུ་རྒྱང་ནས་བསྐྱུར་ཏེ་ཕ་ལོ་བཞུད་པའི་ལམ་དུ་བཞུད་ནས་སོང་སོང་མཐར་་་་་་་་་་་་་་་་་

      གཟིགས་ཡུལ། http://v.youku.com/v_show/id_XMzQ0NzE1MzQ4.html?x

༦-འགྲོ
      ང་ཚོ་སྒོ་གཅིག་གི་ནང་ནས་བུད་རྗེས་སླར་ཡང་སྒོ་གཅིག་གི་ནང་འཛུལ་བཞིན་ཡོད། སྔ་གཞུག་བར་གསུམ་གང་དུའང་ང་ཚོ་ལམ་ལ་ཆས་བཞིན་པ་འདྲ་ནའང་། དོན་དམ། མདུན་དུ་འགྲོ་བཞིན་ཡོད་དམ་ཕྱིར་ལ་འགྲོ་བཞིན་ཡོད། ཡར་ལ་འགྲོ་བཞིན་ཡོད་དམ་མར་ལ་འགྲོ་བཞིན་ཡོད། དྲང་བོར་འགྲོ་བཞིན་ཡོད་དམ་ལྡོག་སྟེ་འགྲོ་བཞིན་ཡོད། གནས་གཅིག་ཏུ་འགྲོ་བཞིན་ཡོད་དམ་གནས་ངེས་མེད་དུ་འགྲོ་བཞིན་ཡོད། སྒྱིད་ལུག་པའི་ངང་འགྲོ་བཞིན་ཡོད་དམ་བྲེལ་བྲེལ་འཚུབ་འཚུབ་ངང་འགྲོ་བཞིན་ཡོད། ལམ་ལ་ཐོག་མ་ཡོད་དམ་མཐའ་མ་ཡོད། མི་ཚེ་གང་བོར་ལམ་དུ་འགྲོ་ཞིང་ལམ་ལ་ཆས། གང་ས་གང་དུ་ལམ་ནི་མཆིས་སམ། འགྲོ་ལམ་ལ་ནི་རྫོགས་མཐའ་མེད་དམ། ཡང་ན་བསམ་གཞིག་ལའང་རྫོགས་མཐའ་མེད་དམ་ཅི་་་་་་་་་་་

      གཟིགས་ཡུལ། http://v.youku.com/v_show/id_XMzMyNDM0Njg0.html?x

未命名_meitu_0_meitu_1.jpg

༥-ཕྱིར་དྲན་ཁྲོད་ཀྱི་ཤིང་ཁང་།
      རྒན་པོ་གཞི་འདུག་བྱས་ཡོད་པའི་གྲོང་ཁྱེར་རིམ་བཞིན་ཆུས་བསྣུབ་ལ་ཉེ། མི་ཚོ་བྱ་དཀའ་བྱེད་གཏད་དུ་གྱུར་བས་རང་རང་གི་ཁང་པའི་སྟེང་གཅིག་ཐོག་གཉིས་བརྩེགས་སྒོས་ཁང་པ་ཇེ་མཐོར་གཏོང་རྒྱུ་ལས་ཐབས་ཟད་སོང་། ཉིན་ཞིག རྒན་པོའི་གཅེས་ནོར་གང་ཟག་སེམས་ཆུང་མ་བྱས་པར་ཆུ་ནང་དུ་ལྷུང་བས། ན་རྒས་པའི་ཁོས་དེ་ཕྱིར་འཚོལ་ཕྱིར་ཆུར་གནས་བའི་ཁང་རྙིང་དུ་འཛུལ། གཟོད་གང་ཟག་ལག་སོན་བྱུང་བའི་སྐད་ཅིག་མ་དེར་ཁོས་མང་པོ་མང་པོ་ཞིག་དྲན་བྱུང་ལ་རྒྱུས་ཡོད་ཡོད་ཀྱི་ཤིང་ཁང་དེ་རུའང་འདས་དོན་མང་མང་ཞིག་གློག་བརྙན་བཞིན་འཆར་བྱུང་་་་་་་་་་་

      གཟིགས་ཡུལ། http://v.youku.com/v_show/id_XMjU2OTcxMjk2.html?x
༤-ཤོག་མྱི།
      ཉིའུ་ཡོ་གྲོང་ཁྱེར་གྱི་ཞོགས་པ་ཞིག་ལ། ལས་ཚོགས་ལ་ཞུགས་པའི་སྐྱེས་པ་ཞིག་སྟེས་དབང་གིས་ཡི་གར་འོང་བའི་བུད་མེད་ཅིག་དང་འཕྲད་པ་མ་ཟད་སྟབས་ལེགས་པ་ཞིག་ལ་བུད་མེད་དེའི་མཆུ་སྐག་ཁོའི་ཡིག་ཆའི་སྟེང་བབས། དེ་ནས་བཟུང་མཆུ་སྐག་དེ་དང་བུད་མེད་དེ་ཁོའི་སེམས་ནང་ཡལ་བ་མ་བྱུང་མོད་ཁོས་དེ་ནི་ལམ་ཐུག་ཅིག་ཡིན་པར་སེམས། མ་འགྱངས་བར་ཁོ་ཐག་གཏིང་ནས་ཆད་ཡོད་པའི་སྐྱེས་པ་དེས་བུད་མེད་དེ་ཁོ་དང་ཁ་གཏད་དུ་ཡོད་པའི་ཐོག་ཁང་དེའི་ནང་ཡོད་པ་མཐོང་བྱུང་། ཡིན་ཡང་བུད་མེད་དེ་ནམ་འགྲོ་ཆ་མེད་ཡིན་པས། ཁོས་ངེས་པར་དུ་བུད་མེད་ཀྱིས་ཁོ་ལ་མཉམ་འཇོག་བྱ་རུ་གཟུག་དགོས། སྐད་ཅིག་མ་དེར་སེམས་པ་ལང་ལོང་དུ་གྱུར་ཡོད་པའི་ཁོས་གློ་བུར་དུ་ཐབས་བཀོད་ཅིག་རྙེད་བྱུང་་་་་་་་་་་
      གཟིགས་ཡུལ། http://v.youku.com/v_show/id_XNTM4NDUyMzUy.html?x&from=y7.2-1-103.3.15-2.14-1-1-14

༣-མི་ཚེའི་གདམ་ཀ
      མི་ཡི་ཚེ་གཅིག་ལ་གདམ་ཀ་མང་པོ་ཡོད་ངེས་ལ་གདམ་ཀ་རེ་རེས་ཀྱང་མི་ཡི་ཚེ་གཅིག་ལ་འདྲ་མི་འདྲའི་ཤུགས་རྐྱེན་ཐེབས་ངེས། བྱས་ན། རྣམ་པ་ཡོངས་སུ་མི་འདྲ་བའི་མི་ཚེ་འདྲ་མིན་གང་བསྐོས་ལས་ལ་དབང་ཞེས་པ་གཅིག་པུའི་ནང་ཡོངས་སུ་བསྡུ་ཆོག་པ་འདྲ། མ་ཟད་མི་ཚེ་གཅིག་གི་གདམ་ཀ་མང་པོའི་སྔུན་ནས་ང་ཚོས་གདོང་གཏོད་དམ་བྲོས་བྱོལ་བྱའམ། ཡང་ན། རང་གི་མི་ཚེ་ཚེ་ཡི་ཁྲལ་དུ་ལུས་ཤིང་ལུས་པོ་གཞན་གྱི་བྲན་དུ་བཀོལ་གིན་ཡོད་དམ་་་་་་་་་་

      གཟིགས་ཡུལ། http://v.youku.com/v_show/id_XMzMyNDM3ODI0.html?x&from=y7.2-1-100.3.1-2.14-1-1-0
༢-དོ་མཉམ།
      བར་སྟོང་ཞིག་ན་ཡོད་པའི་སྒམ་ཆུང་ཞིག་གིས་མི་ལྔ་བོར་དོ་མཉམ་ཤོར་དུ་བཅུག མི་སུས་ཀྱང་དོ་མཉམ་ཤོར་དུ་བཅུག་རྗེས་སྒམ་ཆུང་དེ་རང་ལ་དབང་དུ་འཇུག་དགོས་པར་སྙམ། སྒམ་ཆུང་འདི་ནི་རྫུ་འཕྲུལ་གྱིས་ཕྱུག་པའི་ཕན་ཏོ་ལཱའི་སྒམ་ཆུང་ཞིག་དང་འདྲ་བར་མི་ཚོའི་བསམ་བློའི་ལ་གཡོ་སྐྱོམ་ཐེབས་བཞིན་འདུག་་་་་་་་་་

      གཟིགས་ཡུལ། http://v.youku.com/v_show/id_XNTYxODI2ODY4.html?x
༡-རེ་རེ།
      མི་རེ་ངོ་རེ་བྱས་ཏེ་སོ་སོའི་མི་ཚེ་གཅིག་གི་ནང་ལ་རང་རང་གི་ཕུགས་བསམ་དང་འདུན་མ་གང་ཞིག་མངོན་འགྱུར་བྱེད་ཆེད་ཧུར་ཐག་བྱེད་ངེས་་་་་་་་

      གཟིགས་ཡུལ། http://v.youku.com/v_show/id_XMTYxNzkxNDI0.html?x


 

དཔྱད་མཆན་ཡོད།