ཀུ་ཤུ་གཅིག་གམ་བུད་མེད་གཅིག་གིས་བསླངས་པའི་དམག་འཁྲུག

p1575517899.jpg

              —ཧོ་མའི་ལོ་རྒྱུས་ལས་《ཐི་ལོ་དབྱི་དམག་འཁྲུག》གི་རྒྱབ་ལྗོངས།

         སྤྱི་ལོ་སྔོན་གྱི་དུས་རབས་༡༢པའི་དུས་དཀྱིལ་ཙམ་ལ། གནའ་བོའི་དར་རྒྱས་ཆེ་བའི་རྒྱལ་ཁབ་གཉིས་ཁ་གཏད་དུ་བླངས་ཡོད་ཅིང་། གཅིག་ནི་མིའི་རིགས་སམ་ནུབ་ཕྱོགས་ཀྱི་ཤེས་རིག་གི་ལྟེ་གནས་སུ་འབོད་པའི་ཀེ་རི་སེ་ཟེར་བ་དེ་ཡིན་པ་དང་། གཅིག་ཤོས་ནི་ད་ལྟའིཐུར་ཁེའི་ཁོངས་དུ་ཚུད་པའི་ཡ་གླིང་གི་ཐི་ལོ་དབྱི་ཟེར་བ་གཉིས་ཡིན་ཞིང་། རྒྱལ་ཁབ་དེ་གཉིས་ཀྱིས་ལོ་ངོ་༡༠ཙམ་ལ་དམག་འཁྲུག་བརྒྱབ་ཅིང་། རྒྱལ་ཁབ་དེ་གཉིས་ཀྱི་དམག་འཁྲུག་གི་རྒྱུ་རྐྱེན་འདི་འདྲ་ཞིག་ལ་སྦྱར་ཡོད། 

         དེ་ཡང་ཧོ་མའི་ལོ་རྒྱུས་(荷马史诗)ནང་གི་ཡེ་ལི་ཡ་ཐི་(伊利亚特)ལས་《ཐི་ལོ་དབྱི་དམག་འཁྲུག》གི་བྱུང་བ་བརྗོད་དུས་འདི་འདྲའི་ངོ་མཚར་བའི་ལྷ་སྒྲུང་ཞིག་དང་སྦྱར་ནས་བྲིས་ཡོད་དེ། དེ་ཡང་ཀེ་རི་སེའི་ལྷའི་དབང་བོ་ཀྲོའུ་སི་ཡི་ཚ་བོ་ཕེ་ལུའུ་སི་དང་ཀླུ་མོ་ཐི་ཐིས་སི་ཟེར་བ་གཉིས་ཀྱིས་གཉེན་སྟོན་གྱི་མཛད་སྒོ་སྤེལ་བ་ལ། ལྷ་རྣམས་གདན་འདྲེན་ཞུས་པ་རེད།ཡིན་ནའང་། ཁོ་ཚོས་མི་འཆམ་ལྷ་མོ་འེ་ལིས་སི་ཟེར་བ་དེ་གདན་འདྲེན་ཞུ་རྒྱུ་གཏིང་བརྗེད་དུ་གྱུར་སོང་བ་རེད། "མི་འཆམ་ལྷ་མོ"དེས་ལྷ་དང་ལྷ་མོ་གཞན་རྣམས་གདན་འདྲེན་ཞུས་ཤིང་རང་ཉིད་ཁོ་ན་གདན་མ་དྲངས་པ་ཤེས་པས་བསམ་གཟས་ནས་གསེར་གྱི་ཀུ་ཤུ་གཅིག་གིས་ངོས་སུ། འཇིག་རྟེན་ན་ཆེས་མཛེས་པའི་ལྷ་མོར་ཕུལ་བ་ཡིན"ཞེས་པའི་ཡིག་འབྲུ་དག་བརྐོས་ནས། ལྐོག་ཏུ་ཁ་རོག་གེར་གཉེན་སྟོན་གྱི་མཛད་སྒོར་ཞུགས་ཡིད་པའི་ལྷ་མོ་རྣམས་ཀྱི་དཀྱིལ་དུ་གཡུགས།  

           སྐབས་དེར་ཀེ་རི་སེ་ན་རང་ཉིད་ནི་ཆེས་མཛེས་པར་འདོད་པའི་ལྷ་མོ་ཧའེ་ལ་ཟེར་བ་དང་། ཡ་ཏེན་ན་ཟེར་བ། དེ་མིན་ད་དུང་ཨ་ཧྥོ་ལོ་ཏི་ཐི་ཟེར་བ་གསུམ་ཡོད་པ་གསུམ་གྱིས་ཀུ་ཤུ་དེ་འཕྲོག་རྩོད་བྱས་ཤིང་། དེ་ཐོབ་ཆེད་རྩོད་པ་དྲག་པོ་བྱས། མཇུག་མཐར་ཐག་གིས་མ་ཆོད་པར་ལྷའི་དབང་བོ་ཀྲོས་སི་ལ་འདྲི་རུ་སོང་ཞིང་། ཀྲོས་སིས་ཁོ་མོ་ཚོར་དོན་དེ་སྐབས་དེར་འཇིག་རྟེན་ན་ཆེས་མཛེས་པའི་ཕོ་རྒོད་ཐི་ལོ་དབྱིའི་རྒྱལ་སྲས་ཕ་ལུ་སིར་འདྲི་རུ་བཏང་།དེ་ནས་ལྷ་མོ་གསུམ་པོ་དེ་རུ་སོང་ཞིང་། ཁོ་ཚོས་ཀུ་ཤུ་དེ་ཐོབ་ཆེད། ལྐོག་ཏུ་ཐི་ལོ་དབྱིའི་རྒྱལ་སྲས་ཕ་ལུ་སིར་རྔན་པ་བརྫངས་ཤིང་ཁོ་ལ་འདོད་དོན་གང་མང་བསྒྲུབ་རྒྱུའི་ཁས་འཆེས།  ནང་སྒོས་སུ་ལྷ་མོ་ཨ་ཧྥོ་ལོ་ཏི་ཐི་ཟེར་བ་དེས་ཁོ་ལ།  གལ་ཏེ་ཁོས་ཀུ་ཤུ་དེ་མོ་ལ་བྱིན་ནས་མོ་རང་ཆེས་མཛེས་པའི་ལྷ་མོར་བདམ་ཚེ།  མོས་ཁོ་ལ་འཇིག་རྟེན་ན་ཆེས་མཛེས་པའི་བུ་མོ་དེ་ཆུང་མར་སྟེར་རྒྱུ་ཁས་འཆེས་སོ། གཏམ་དེ་རྣ་བའི་བུ་རམ་དུ་གྱུར་བའི་ཐི་ལོ་དབྱིའི་རྒྱལ་སྲས་ཕ་ལུ་སི་ཡིས་ངོ་མ་ཀུ་ཤུ་དེ་ལྷ་མོ་ཨ་ཧྥོ་ལོ་ཏི་ཐི་ལ་སྟེར་རོ། ། དེ་བས་ཕྲག་དོག་གིས་ར་བཟི་བའི་ལྷ་མོ་གཞན་གཉིས་ཧ་ཅང་ཡི་མ་རང་བས་ཐི་ལོ་དབྱི་མཁར་རྫོང་བསྣུབ་རྒྱུའི་ཐག་བཅད།

          ལྷ་མོ་ཨ་ཧྥོ་ལོ་ཏི་ཐི་ཡིས་ཐི་ལོ་དབྱིའི་རྒྱལ་སྲས་ཕ་ལུ་སིར་ཆུང་མར་སྟེར་རྒྱུ་ཁས་བླངས་པའི་འཇིག་རྟེན་ན་ཆེས་མཛེས་པའི་བུ་མོ་དེ་ནི་མ་གཞི་ཡིན་པ། ཀེ་རི་སེའི་སི་པ་ཏ་མཁར་གྲོང་གི་རྒྱལ་བོ་སྨོ་ནེ་ལ་ཨའོ་སི་(墨涅拉奥斯)ཡི་ཆུང་མ་ཧའེ་ལུན་(海伦)ཟེར་བ་དེ་ཡིན་ནོ། །རྗེས་སོར། ཐི་ལོ་དབྱིའི་རྒྱལ་སྲས་ཕ་ལུ་སི་དང་ཁོའི་ཕུ་བོ་ཧོ་ཁི་ཐོ་ཨར་གཉིས་སི་པ་ཏ་མཁར་གྲོང་ལ་འཚམ་འདྲིར་ཡོང་ཞིང་། དུས་སྐབས་དེར་ཐི་ལོ་དབྱིའི་རྒྱལ་སྲས་ཕ་ལུ་སི་དང་སི་པ་ཏ་མཁར་གྲོང་གི་རྒྱལ་བོ་སྨོ་ནེ་ལ་ཨའོ་སི་ཡི་ཆུང་མ་ཧའེ་ལུན་གཉིས་ཀྱི་བར་ལ་འབྲེལ་བ་དངོས་སུ་བྱུང་བར་མ་ཟད། ད་དུང་རྒྱལ་སྲས་ཕ་ལུ་སིས་ཁོ་མོ་ཁྲིད་ནས་ཐི་ལོ་དབྱི་མཁར་གྲོང་དུ་བྲོས་སོང་བ་དེ་ང་ཚོས་གློག་བརྙན་ལས་ཀྱང་མཐོང་ཐུབ་པ་དེའོ། །

         དེ་ལྟར་མཇུག་མཐར།  སྤྱི་ལོ་སྔོན་གྱི་༡༢༥༠ལོར། ཀེ་རི་སེ་དང་ཐི་ལོ་དབྱི་གཉིས་ཀྱི་བར་ལ་དམག་འཁྲུག་དངོས་སུ་བསླངས་ཤིང་། ལོ་རྒྱུས་སྟེང་དམག་འཁྲུག་དེ་ལ་ཐི་ལོ་དབྱི་དམག་འཁྲུག་ཟེར་ཞིང་།  དམག་འཁྲུག་དེ་ངོ་ལོ་བཅུ་ལ་བརྒྱབ་པ་རེད། འདི་ནི་ལྷ་སྒྲུང་ཁྲོད་ཀྱི་ཐི་ལོ་དབྱི་དམག་འཁྲུག་གི་འབྱུང་རྐྱེན་ཡིན་པ་དང་། དེ་བས་ཐི་ལོ་དབྱི་དམག་འཁྲུག་ལ་ཀུ་ཤུ་གཅིག་གམ་ཡང་ན་བུད་མེད་གཅིག་གིས་བསླངས་བའི་དམག་འཁྲུག་ཡང་ཟེར་རོ། །

         དོན་དངོས་ཐོག་ཐི་ལོ་དབྱི་དམག་འཁྲུག་གི་འབྱུང་རྐྱེན་དེ་ལོ་རྒྱུས་སྟེང་གི་དམག་འཁྲུག་གཞན་དག་དང་མཚུངས་པར། གཙོ་བོ་རྒྱུ་ནོར་དང་དབང་ཆ། ས་ཆུ་སོགས་འཕྲོག་ཆེད་ཡིན་པ་ལས་ཀུ་ཤུ་གཅིག་གམ་ཡང་ན་བུད་མེད་ཅིག་གིས་དོད་དུ་ཡིན་ཞེ་ན་ཧ་ཅང་ཁྱབ་ཆུང་ཞིང་བདེན་པར་འཛིན་མཁན་ཡང་ཡོད་རེ་སྐན་ནོ། །  

ཟུར་བཀོད།

《ཐི་ལོ་དབྱི་དམག་འཁྲུག》གི་གློག་བརྙན་ནང་གི་བར་བཅུག་པར་རིས་འགའ།

图片2.jpg

ཀེ་རི་སེའི་སི་པ་ཏ་མཁར་གྲོང་གི་རྒྱལ་བོ་སྨོ་ནེ་ལ་ཨའོ་སི།

图片2.jpg

སི་པ་ཏའི་རྒྱལ་བོ་སྨོ་ནེ་ལ་ཨའོ་སི་ཡི་ཆུང་མ་ཧའེ་ལུན།

 图片3_副本.jpg

ཐི་ལོ་དབྱིའི་རྒྱལ་སྲས་ཕ་ལུ་སི་དང་ཧའེ་ལུན།

图片4.jpg

ཐི་ལོ་དབྱིའི་རྒྱལ་སྲས་ཕ་ལུ་སི་དང་ཁོའི་ཕུ་བོ་ཧོ་ཁི་ཐོ་ཨར། 

 p1575513718.jpg
ཐི་ལོ་དབྱི་དམག་འཁྲུག་ཅེས་པའི་གློག་བརྙན།

         སྤྱིར་ན་གློག་བརྙན་ནང་གི་ལོ་རྒྱུས་དང་དཔེ་ཆའི་ངོས་ཀྱི་ལོ་རྒྱུས་གཉིས་བར་ལ་ཧེ་བག་ཆེན་པོ་ཡོད་མོད། ཡིན་ནའང་། སྐབས་ལན་རེར་ཧ་ཅང་འདྲ་བའི་ཆ་ཡང་ཡོད་པས། ང་ཚོས་གཅིག་ཤེས་ཀུན་གྲོལ་གྱི་ཚུལ་གྱིས་གློག་བརྙན་ནང་གི་ལོ་རྒྱུས་དང་འབྲེལ་ནས་སྔོན་བྱུང་ལོ་རྒྱུས་ལ་ཕྱིར་རྟོགས་བྱ་ཆོག་སྙམ་མོ། །                          

༢༠༡༦ལོའི་སྤྱི་ཟླ་༧པའི་ཚེས་༡ཉིན།

དཔྱད་མཆན་ཡོད།