དངོས་ཕབ་གློག་བརྙན་དང་དམངས་སྲོལ་དོན་སྙིང་།


ཇོ་རིའི་སྙན་ངག་ལོ་རྒྱུས་ཞེས་པའི་དངོས་བཤུས་གློག་བརྙན་ཞིག་ལས་མངོན་པའི་བོད་ཀྱི་དམངས་སྲོལ་དོན་སྙིང་།

སྤྱི་ལོ1924ལོའི་ཟླ་6པའི་ནང་དུ་དབྱིན་ཇི་རྒྱལ་ཁབ་ཀྱི་རི་འཛེག་པ་གྲགས་ཆེན་ཨན་ཏི་ལུའུ་ཨོ་ཝུན་དང་ཇོར་ཇི་མ་རོ་ལུ་གཉིས་ཇོ་མོ་གླིང་མའི་རི་རྩེར་ཐེངས་གསུམ་པར་འཛེགས་པའི་སྟ་གོན་བྱས་ཤིང་། དངོས་བཤུས་འཁྲབ་ཁྲིད་པ་ཡོ་ཧན་ནོལ་གྱིས་བརྒྱུད་རིམ་ཆ་ཚང་བརྙན་དུ་ཕབ་ཞིང་དེ་དང་ལྷན་དུ་སྐབས་དེའི་བོད་ཡུལ་གྱི་འཚོ་བའི་གནས་སྟངས་མང་པོ་གཟིགས་མོར་བཀྲམ།  བློ་ཡུལ་ལས་འདས་པ་ཞིག་ལ་ཟླ6པའི་ཚེས་8ཉིན་རི་འཛེགས་རུ་ཁག་དུས་གཏན་དུ་བརྙན་མིག་གི་མཐོང་ལམ་ནས་བོར་བརླག་ཏུ་གྱུར་ཞིང་། ཕྱིས་མི་ལོ་དྲུག་ཅུའི་གཞུག་ཏུ་རི་འཛེག་པ་གཉིས་ཀྱི་བེམ་པོ་རྙེད་པ་རེད། སྐྱོ་གར་དེས་རྐྱེན་བྱས་དེ་དངོས་བཤུས་གློག་བརྙན་འདི་ཡང་འཇིག་རྟེན་མིའི་མཐོང་ལམ་དུ་ལྟད་མོར་མ་ཕུད་ཅིང་། མི་ལོ་89འདས་རྗེས་ཀྱི་སྤྱི་ལོ་2013ལོར། དབྱིན་ཇིའི་གློག་བརྙན་སློབ་ཚོགས་ཀྱིས་ལོན་ཏོན་གློག་བརྙན་དུས་སྟོན་ཐོག་ཏུ་བཅོས་སྒྲིག་དང་བཅས་ཐོག་མའི་གཟིགས་འགྲེམ་བྱས་ཤིང་།  2014ལོའི་ཟླ6པའི་ཚེས་9ལ་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་ཨེ་ཤ་ཡའི་ཐོག་མའི་གཟིགས་འགྲམ་བྱས།

འདི་ནི་སྒྲ་མེད་གློག་བརྙན་ཀྱི་ལོ་རྒྱུས་ཐོག་ཆེས་ཕུལ་བྱུང་གི་རི་འཛེག་དངོས་བཤུས་གློག་བརྙན་ཞིག་ཡིན་ལ། འདི་ལ་རི་འཛེག་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ཡོད་པར་མ་ཟད། བོད་ཀྱི་གློག་བརྙན་ལོ་རྒྱུས་ལ་ཡང་དོན་སྙང་བསྣན་ཡོད་པ་རེད།

དེ་རིང་པར་རིས་འགའ་ལ་བརྟེན་ནས། འདིས་བོད་ཀྱི་དམངས་སྲོལ་རིག་གནས་ཚུར་སྣང་བྱས་པ་དང་། དུས་རབས་ཉུ་ཤུ་བའི་ལོ་རབས་ཉུ་ཤུ་བའི་ནང་གི་བོད་དབུས་གཙང་ཕྱོགས་ཀྱི་ཆས་གོས་དང་ཆ་ལུགས་ཅི་ཙམ་ཡིན་པ་ཙམ་སྟོན་པར་བྱའོ།། 

གློག་བརྙན་འདིར་བལྟ་འདོད་ན་འདིར་རྡེབ་དང་།   https://pan.baidu.com/s/1prHfw


དཔྱད་མཆན་ཡོད།