གཞས་ཀྱི་སྦྱིན་པ། ཨ་ཇོ་རྣམ་རྒྱལ།

微信图片_20201224181324.jpg

དྭགས་པོ་གླང་གི་ཡུལ་དུ།།

མཚན་ལ་ཨ་ཇོ་རྣམ་རྒྱལ།།

དཔལ་གྱི་ཆོས་འཁོར་ལྷ་སར།།

གཞས་ཀྱིས་སྦྱིན་པ་བཏང་སོང་།།

        «གཞས་ཀྱི་སྦྱིན་པ། ཨ་ཇོ་རྣམ་རྒྱལ»ཞེས་པ་ནི་ནང་མ་སྟོད་གཞས་ཀྱི་ཡབ་ཆེན་ཨ་ཇོ་རྣམ་རྒྱལ་ལགས་ཀྱི་རྣམ་ཐར་གཞིར་བཞག་སྟེ་བཟོས་པའི་དངོས་བཤུས་གློག་བརྙན་ཞིག་ཡིན། གློག་བརྙན་འདི་ནི་འཁྲབ་ཁྲིད་པ་བསོད་ནམས་བཀྲ་ཤིས་ལགས་ཀྱིས་བཟོས་ཤིང་། གསར་འགོད་གསལ་བསྒྲགས་སྤེལ་བ་ལྟར་ན། བརྙན་འདི་ཁོང་གིས་ལོ་ངོ་དུ་མའི་རིང་རྨི་ལམ་དུ་རྨིས་ཤིང་། དངོས་བྱུང་གནས་ཚུལ་ལ་ཞིབ་འཇུག་བྱས་པ་བརྒྱུད་བཟོས་པ་ཞིག་རེད། 2010ལོ་འདིའི་ཕྱི་ཟླ10པའི་ཚེས་13ཉིན་བཞུགས་སྒར་ངྷ་སར་ཐོག་མར་གཟིགས་འབུལ་ཞུས།

55258-微信图片_20210104153710.jpg

          ཨ་ཇོ་རྣམ་རྒྱལ་ལགས་ནི་ཁྱིམ་ཚང་དབུལ་བོ་ཞིག་ཏུ་སྐྱེས་ཤིང་། དེའི་ཁར་མིག་ལོང་ཞིག་ཡིན་ལ་སྐད་གྲགས་ཡོད་པའི་བོད་ཀྱི་གཞས་པ་ཞིག་ཡིན། བོད་མིའི་སྲོལ་རྒྱུན་གྱི་གཞས་པ་གྲགས་ཅན་མཐའ་མ་དེའང་ཁོང་ཡིན་འདུག

          «གཞས་ཀྱི་སྦྱིན་པ»ཞེས་པའི་དངོས་བྱུང་གློག་བརྙན་འདིའི་འཁྲབ་ཁྲིད་པ་ནི་བོད་གཞུང་ཟློས་གར་ཁང་གི་ཟློས་གར་པ་ཟུར་བ་དང་དེང་སྐབས་ཁེ་ན་ཌར་གནས་བཞུགས་སྐུ་ཞབས་བསོད་ནམས་བཀྲ་ཤིས་ལགས་ཡིན་འདུག དེ་བཞིན་བོད་གཞུང་ཟློས་གར་ཁང་གི་ཟློས་གར་པ་དང་འཁྲབ་ཇུས་པ་གང་མང་ཞིག་གིས་ཀྱང་གློག་བརྙན་འདི་དངོས་སུ་འགྲེམས་ཐུབ་པར་རོགས་རམ་གནང་ཡོད་འདུག དེར་མ་ཟད། གློག་བརྙན་འདིར་རོ་ཝེལ་ཐེབས་རྩའི་རོགས་དངུལ་གྱི་མཐུན་འགྱུར་བསྩལ་བ་ལྟར། ཨ་ཇོ་རྣམ་རྒྱལ་གློག་བརྙན་བཟོ་སྐྲུན་ཚོགས་ཆུང་གིས་ཨ་རི་དང་། སུད་སི། རྒྱ་གར་བཅས་ཉུལ་ནས་གློག་བརྙན་འདི་བཟོས་ཡོད་འདུག

        གློག་བརྙན་འདིའི་འགོ་མཇུག་བར་གསུམ་དུ་འབྲེལ་ཡོད་མི་སྣ་ལ་བཅར་འདྲི་བརྒྱུད་དེ་ལོ་རྒྱུས་དངོས་དེ་ར་འཕྲོད་དུ་བཅུག་ཡོད་པ་མ་ཟད་དེ་མིན་འཁྲབ་སྟོན་པ་དངོས་ཀྱི་འཁྲབ་སྟོན་བརྒྱུད་དེ་བདེན་སྣང་སྟེར་བ་དང་། སྔོན་ཆད་ཀྱི་པར་རྙིང་རྣམས་སྔོག་སྟེ་པར་རིས་ཀྱི་རྣམ་པ་བརྒྱུད་ནས་ཨ་ཇོ་རྣམ་རྒྱལ་གྱི་ལོ་རྒྱུས་ཁ་གསལ་གོ་བདེ་ངང་བརྗོད་ཡོད་དོ། །

30075-微信图片_20210104153627.jpg


  • ཟུར་བཀོད།

   བོད་ཀྱི་ནང་མ་སྟོད་གཞས་ཀྱི་ཡབ་ཆེན་ཨ་ཇོ་རྣམ་རྒྱལ། http://www.filmtbt.com/active/photo/2020-12-24/1118.html

གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས། 


དཔྱད་མཆན་ཡོད།