བོད་ཡིག་ཚགས་པར་སྟེང་གི་གློག་བརྙན་གཏམ་རྒྱུད།

webwxgetmsgimg.jpg

བོད་ཡིག་ཚགས་པར་སྟེང་གི་གློག་བརྙན་གཏམ་རྒྱུད།

 — «མཚོ་སྔོན་བོད་ཡིག་གསར་འགྱུར»བཏོན་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ།

              «མཚོ་སྔོན་བོད་ཡིག་གསར་འགྱུར»ཚགས་པར་ནི་སྤྱི་ལོ་1951ལོའི་ཟླ་1པོའི་ཚེས་16ཉིན་གསར་དུ་བཏོན་པ་ནས་ད་ལྟ་ཏག་ཏག་ལོ་རྒན་བདུན་ཅུ་འགོར་ཡོད་ལ། ཀྲུང་གོ་གསར་བ་དབུ་བརྙེས་ཚུན་གྱི་བོད་ཡིག་གི་ཏང་གི་སྨྱན་བྱེད་ཐོག་མ་ཡིན་ལ་ཚགས་པར་ཐོག་མའང་ཡིན་པ་རེད། བོད་ཡིག་གི་སྟེང་ནས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་སོགས་དྲིལ་སྒྲོག་དང་། ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རྒྱ་ཆེའི་བོད་ཀྱི་རོང་འབྲོང་མང་ཚོགས་ལ་ཁྱབ་རྒྱ་ཆེ་ལ་ཤེས་བྱ་ཕུན་སུམ་ཚོགས་པའི་ཆ་འཕྲིན་སྣ་ཚོགས་དུས་ལྟར་འདོན་སྤྲོད་བྱེད་ཀྱི་ཡོད་པ་མ་ཟད། གློག་བརྙན་དང་རྩོམ་རིག་སོགས་རིག་རྩལ་གྱི་སྟེགས་བུ་བཟང་བོར་གྱུར་ནས་བོད་རིགས་མི་དམངས་ཀྱི་རིག་གནས་འཚོ་བ་དང་ཉིན་རྒྱུན་གྱི་རོལ་རྩེད་ཀྱི་དགོས་མཁོ་སྐོང་བཞིན་ཡོད་པས། ལོ་རྒྱུས་ཆེས་རིང་བ་དང་ནང་དོན་ཆེས་ཕུན་སུམ་ཚོགས་པའི་བོད་ཡིག་ཚགས་པར་གྱི་གདོང་ལེན་པ་དང་སྣེ་ཁྲིད་པ་རུ་གྱུར་ཡོད།

         འདིར་ཆེད་དམིགས་ཞུ་འདོད་པ་ནི་གློག་བརྙན་གྱི་སྐོར་ཡིན་ཏེ། «མཚོ་སྔོན་བོད་ཡིག་གསར་འགྱུར་»དུ་དུས་སྔ་མོ་ནས་བཟུང་ཆེད་དོན་གློག་བརྙན་གྱི་ལེ་ཚན«ཡོལ་རས་དཀར་པོའི་སྟེང་གི་གཏམ་རྒྱུད»ཅེས་པ་ཞིག་བཟོས་ནས། སྐབས་དེར་དར་ཆེ་བའི་གློག་བརྙན་གྱི་ནང་དོན་པར་དང་བཅས་ཏེ་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་མིག་སྔར་བསྟར་མྱོང་། དེར་མ་ཟད་དུས་ད་ལྟ་ཚགས་པར་ཁང་གིས«རིག་གནས་མཐོངས་ཡངས»ཞེས་པའི་ལེ་ཚན་ནང་དུའང་གློག་བརྙན་སྒྱུ་རྩལ་སྐོར་བཀོད་ཡོད་པས་འདི་ནས་དེ་དག་ལ་མྱོང་རོལ་ཐེངས་གཅིག་བྱ་བའོ། ། 

404800109.jpg

བོད་ཡིག་གི«གློག་བརྙན་གསལ་བཤད་ཕྱོགས་བསྒྲིགས»པར་དུ་བསྐྲུན་པའི་སྐོར།

2038732419.jpg

གློག་བརྙན «རྟ་རྐུན»གྱི་ངོ་སྤྲོད།

390546450.jpg

 «ཇོ་མོ་གླང་བཟང་མ»ཞེས་བྱ་བའི་གཏམ་རྒྱུད།

1400504563.jpg

434082678.jpg

374183832.jpg

1973453524.jpg

གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས།

དཔྱད་མཆན་ཡོད།