མུ་འབྲེལ་དགོད་བྲོའི་བརྙན་འཕྲིན«ཁྱིམ་ཚང་གཅིག་གི་མི»ཚེས22ཉིན་གཏོང་འཆར་འདུག

1705816516263741.jpg

        ན་མོ་རིག་གནས་འཕྲིན་སྦྱོར་གྱིས་བརྙན་སྐྲུན་བྱས་པའི་མུ་འབྲེལ་དགོད་བྲོའི་བརྙན་འཕྲིན། «ཁྱིམ་ཚང་གཅིག་གི་མི»ཞེས་པ་སྤྱི་ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་དྲ་ལམ་ཤར་གཏོང་བྱ་རྒྱུ་རེད།

1705816960425369.jpg

སྒྲོག་པར།

      བོད་ཀྱི་སྒྱུ་རྩལ་པ་གྲགས་ཅན་ཞི་བདེ་ཉི་མ་ལགས་ཀྱིས་འཁྲབ་གཞུང་བརྩམས་ཤིང་འཁྲབ་ཁྲིད་པ་དང་གཙོ་འཁྲབ་སོགས་ཀྱི་འགན་གཅིག་ལྕོགས་སུ་གནང་བའི་རིང་ཚད་ལ་ལེའུ་བཅུ་ཅན་གྱི་བོད་སྐད་མུ་འབྲེལ་སྤྲོ་གར་གློག་བརྙན«ཁྱིམ་ཚང་གཅིག་གི་མི»ཞེས་པའི་གློག་བརྙན་འདིའི་ནང་། བོད་ཡུལ་ལུང་པ་ག་གེ་མོ་ཞིག་ཏུ། ཁྱིམ་བདག་མིང་ལ་སྐལ་བཟང་བྷ་ཁར་འབོད་པའི་མི་ཚང་ཞིག་གིས་ཉིན་རེ་བཞིན་དུ། མིང་ལ་སྐྱེས་ཆེན་ཀུ་རུ་རར་འབོད་པའི་ཁེ་ལས་པ་ཞིག་མགྲོན་དུ་ཕེབས་པར་རེ་སྒུག་བྱས་པའི་ཁྲོད། སྐད་ཆ་ནས་སྤྱོད་པའི་བར་ཕན་ཚུན་གོ་འཛོལ་ཐེབས་པ་སོགས། ཅི་ལྟར་བལྟས་ན་དེ་ལྟར་དགོད་བྲོ་བའི་གཏམ་རྒྱུད་གཅིག་འཕྲོར་གཅིག་འཁྲབ་ཡོད། ཕྱི་ཚུལ་ཙམ་དུ་བབ་ཆགས་པའི་ཁྱིམ་ཚང་ཕལ་བ་ཞིག་གི་ཉིན་རེའི་བྱུང་རིམ་ལྟར་ཡོད་མོད། ཞིབ་ཏུ་བསམས་ན། གཏམ་རྒྱུད་དེ་དག་རེ་རེའང་། འཚོ་བའི་རིན་ཐང་དང་མི་ཚེའི་དོན་སྙིང་གིས་མ་ཕྱུག་པ་གཅིག་ཙམ་མེད་ལ། ལྷག་པར་དེ་དག་ཐམས་ཅད་སྤྲོ་གར་སྒྱུ་རྩལ་གྱིས་རྩལ་དུ་བཏོན་ཡོད་པས། ཁྱོད་ལ་དགོད་ཁ་བསླངས་ཏེ་མིག་ཆུ་འཆོར་དུ་འཇུག་ངེས། མིག་ཆུའི་ཞོར་དུ་ད་དུང་མིག་ཆུ་གཞན་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་ཐོན་ཡོང་ངེས། དེ་ལས་ཀྱང་མི་སེམས་རྨང་ནས་སྒུལ་བར་བྱེད་པའི་བརྗོད་དོན་གླུ་གཞས་ཀྱིས་ཀྱང་ཁྱོད་ལ་དྲན་སེམས་ཟབ་མོ་ཞིག་བཟོས་ཡོང་བར་གདོན་མི་ཟའོ། །

        སྤྲོ་གར་གློག་བརྙན་འདིའི་ཁྲོད་དུ། བོད་ཡུལ་གྱི་སྐད་གྲགས་ཆོད་པའི་འཁྲབ་སྟོན་པ་དང་། གཞས་པ་གཞས་མ། དྲ་གྲགས་སོགས་ཀྱི་གསོན་ཉམས་ལྡན་པའི་འཁྲབ་སྟོན་གྱིས་ཀྱང་། ཁྱེད་ལ་སྒྱུ་རྩལ་གྱི་དགའ་སྟོན་གྱ་ནོམ་པ་ཞིག་གནང་ཡོང་ངོ་། །

1705817483377345.jpg

         འཁྲབ་སྟོན་པ། ཞི་བདེ་ཉི་མ།  ཤེལ་དཀར་མཚོ་མཚོ། རིན་ཆེན་ཚེ་རིང་།  བསྟན་འཛིན་རྡོ་རྗེ། དམ་ཆོས་སྒྲོལ་མ། དགེ་འདུན་སྐྱབས།

1705819599600293.jpg

འཁྲབ་སྟོན་པ། སྙིང་བརྩེ་རྒྱལ། གདུགས་དཀར་ཡག ཀླུ་མོ་མཚོ། གཡང་མོ་སྐྱིད། བཀྲ་ཤིས་ལྷ་མོ། དབང་འབུམ་ཚེ་རིང་།

1133969995.jpg

1705820288984007.jpg

འཁྲབ་སྟོན་པ། ཨ་ཏུང་། ཡོན་ཏན་གྲགས་པ། ཨ་མཆོག་ཀླུ་འབུམ། སྒྲོལ་མ་རྒྱལ། མཁའ་མོ། ཚེ་གཟུངས་སྒྲོལ་མ། ཨ་གནམ།

3333.png

     སྤྲོ་གར་གློག་བརྙན་འདི་ནི་ཞི་བདེ་ཉི་མ་ལགས་ཀྱིས«མོ་སྟོན་ཕག་མགོའི»རྗེས་སུ། ཡང་བསྐྱར་བོད་རོང་འབྲོག་མང་ཚོགས་ལ་ཁ་གཏད་དེ་བཟོས་པ་ཞིག་རེད་པས། སྒྱུ་རྩལ་པ་ཁོང་ལ་རྟེན་འབྲེལ་དང་ཐུགས་རྗེ་ཆེ་ཞུ་བའི་ཞར་དུ། ད་ལོའི་གནམ་ལོ་གསར་ཚེས་ཁྲོད། “སྐལ་བཟང་བྷ་ཁས”ཀྱང“མོ་བ་ཕག་ལོ”ཇི་བཞིན། བོད་ཡུལ“ཁྱིམ་ཚང་གཅིག་གི་མི”ཀུན་པོར། བཀྲ་ཤིས་ལྷན་འཛོམས་ཀྱི་བག་ཆགས་སྐྱིད་པོ་ཞིག་འཇོག་ཐུབ་པའི་སྨོན་འདུན་སྔོན་ལ་འདེབས་བར་བྱེད་དོ། །

6.jpg

དཔྱད་མཆན་ཡོད།