ར་མདའ།

 


      盒子单张.jpg«ར་མདའ»ཞེས་པའི་བརྙན་འཕྲིན་ཟློས་གར་འདིའི་ནང་དུ་མི་སྣ་གཙོ་བོ་རྒན་པོ་དར་རྒྱས་ཀྱིས་ཕྱིར་དྲན་བརྒྱུད་ནས་ཁོའི་གཞོན་དུས་གྱི་གཏམ་རྒྱུད་ཅིག་ཞིབ་བརྗོད་བྱས་ཡོད་དེ། དེ་ཡང་མི་ལོ་ལྔ་བཅུ་ལྷག་གི་ཡར་སྔོན་གྱི་ཉིན་ཞིག་ལ་དར་རྒྱས་དང་སྟག་ལོ་གཉིས་ཁོ་ཚོའི་སྡེ་གཞུང་གི་རྐུན་ལ་ཤོར་བའི་རྟ་མཆོག་བདུན་གྱི་ར་མདའ་ལ་ཆས་དུས། རྩད་གཅོད་ར་མདའི་བརྒྱུད་རིམ་ཁྲོད་རྐུན་མ་དང་འགལ་ཟླ་ཛ་དྲག་བྱུང་མཐར་སྟག་ལོས་ཕ་རོལ་བོའི་ཚེ་སྲོག་བརླགས་པའི་དོན་རྐྱེན་བཟོས་བས། ཁོ་གཉིས་ཀྱིས་མི་ལོ་ཉི་ཤུའི་བཙོན་ཁང་གི་ཁྲིམས་ཆད་མྱངས་པ་དང༌། དར་རྒྱས་བཙོན་གྲོལ་བཏང་རྗེས་ཕ་རོལ་བོས་སྔར་གྱི་ཤ་འཁོན་ཁོ་ལ་སྦྱར་ཏེ་རྒྱུན་དུ་བརྙས་བཅོས་དང་མནར་གཅོད་ཐེངས་མང་བཏང༌། འོན་ཀྱང༌། ལས་རྒྱུ་འབྲས་ཀྱི་བག་ཆགས་ཟབ་པའི་རྒན་པོ་དར་རྒྱས་ཀྱིས་དུས་རྒྱུན་དུ་འདས་དོན་ལ་ནང་སེམས་ནས་འགྱོད་བཤགས་ཚད་མེད་བྱས་ཤིང༌། རང་གི་བུ་གཉིས་ལ་སྐྱེ་བ་འདི་ཕྱི་དང་ལས་རྒྱུ་འབྲས། གཞན་དུག་གསུམ་གྱི་ཉེས་བའི་སྐོར་གྱི་སློབ་གསོ་ནན་གྱིས་བཏང་ནས་ཁོ་ཚོར་དཀར་བོའི་ལམ་ཕྱོགས་ལེགས་པར་བསྟན་དེ་ཕན་ཚུན་གྱི་འགལ་བ་སེལ་ཅི་ནུས་བྱས་པ་མ་ཟད། ཤི་བོའི་ར་མདའ་ཆོས་ཡིན་ཞེས་བའི་དད་འདུན་དང་ཆོད་སེམས་བརྟན་པོ་སྙིང་ལ་སྒོམ་ནས་མི་ཚེའི་ཕྱེད་ཀར་མ་ཎི་རྡོ་འབུམ་བརྐོས་ཏེ་ཤི་བོར་ཐར་ལམ་དང་གསོན་པོར་བདེ་སྐྱིད་ལྡན་པའི་གསོལ་འདེབས་བར་མ་ཆད། 
      འདི་ལྟ་བུའི་དམ་ཚིག་གཙང་མ་དང་བླ་མེད་བཟོད་སྒོམ་གྱི་སྟོབས་ཤུགས་ལས་ཕ་རོལ་བོའི་སྙིང་ནད་དང་ཞེ་སྡང་གཞོམ་ཞིང་མཐར་མི་རབས་ཤིག་གི་འཁོན་ནད་རྨང་ནས་ཞི་བའི་མི་ཚེའི་བརྒྱུད་རིམ་བརྗོད་དེ། མི་རིགས་ཤིག་གི་ལས་ལ་བརྩོན་ཞིང་གཞུང་རྒྱུད་དྲང་བ། དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་རང་གི་མིག་ལྟར་སྲུང་བའི་དད་འདུན་དང་མི་གཤིས་གཙང་མར་བསྟོད་བསྔགས་བྱས་ཡོད།
          

          DSC03707.JPG                             

 

          DSC03757.JPG

            DSC03767.JPG


 

དཔྱད་མཆན་ཡོད།