《དབུགས་ལྒང》ཡང་ཧྭེ་ནན་གླིང་ཕྲན་གློག་བརྙན་དུས་ཆེན་གྱི་གསེར་གྱི་བེ་ཏ་རྟགས་མའི་རྟིང་རྩོད་ལ་ཞུགས་རྒྱུ་རེད

«དབུགས་ལྒང»གི་བརྙན་པར།

  སྤྱི་ལོ་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཅིག་གི་ཚེས་ཉེར་ལྔ་ཉིན་ཧྭེ་ནན་གླིང་ཕྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་གཉིས་པའི་གཙོ་འགྲན་སྡེ་ཚན་གྱི་འོས་མིང་ཁྱབ་བསྒྲགས་བྱས།བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན«དབུགས་ལྒང»ཡང་འོས་མིང་དུ་ཚུད་དེ། རེབ་འདིའི་གཙོ་འགྲན་སྡེ་ཚན་དུ་ཚུད་པའི་གློག་བརྙན་བཅུ་གསུམ་དང་ལྷན་དུ་གསེར་གྱི་བེ་ཏ་རྟགས་མའི་རྟིང་རྩོད་ལ་ཞུགས་རྒྱུ་རེད།
  གཙོ་འགྲན་སྡེ་ཚན་གྱི་གསེར་གྱི་བེ་ཏ་རྟགས་མ་ནི་རྒྱལ་སྤྱིའི་གློག་བརྙན་རིག་གནས་བརྗེ་རེས་དང་མཉམ་འབྲེལ། དེ་མིན་ཕྱོགས་སོ་སོའི་གློག་བརྙན་ལས་རིགས་ལ་འཇུག་མཁན་དང་གློག་བརྙན་ཐོན་ལས་གསར་སྐྲུན་གྱི་འབྲེལ་ཟམ་ལྟ་བུར་ཆགས་ཡོད་པ་རེད། དུས་སྟོན་འདི་ཡིས་གློག་བརྙན་ལས་རིགས་སུ་འཇུག་མཁན་གྱི་མི་རྣམས་ལ་གློག་བརྙན་ཐོན་ལས་དང་། གློག་བརྙན་གསར་འདོན་གྱི་ནུས་པ་ཐོན་དང་ཐོན་མུས་སུ་འདུག

  «དབུགས་ལྒང»གི་བརྙན་པར།

  གློག་བརྙན«དབུགས་ལྒང»ནི་པེ་ཅིང་ཧྲིན་ཐང་དུས་རབས་རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་ཟི་དང་གུང་ཁྲང་ཏཱ་མིན(ཐེན་ཅིན)གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི། མཚོ་སྔོན་མ་ཎི་རྡོ་འབུམ་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི་བཅས་ཀྱིས་མཉམ་དུ་བསྒྲུབས་ཤིང་། པེ་ཅིང་ཅིའུ་ཀྲོའུ་དབུས་ཁུལ་གྱི་ཨང་ཀིའི་གློག་བརྙན་ཁང་ཚད་ཡོད་ཀུང་ཟི་དང་། ཨའེ་ཆིའི་སྒྱུ་རྩལ་ལས་རིགས(པེ་ཅིང)ཚད་ཡོད་ཀུང་ཟི་གཉིས་ཀྱིས་མཉམ་འབྲེལ་ཐོག་བསྐྲུན་པ་ཞིག་ཡིན།
  ཁྲི་ཅོ(Rediance)ཡིས་ཕྱི་རྒྱལ་དུ་འགྲེམ་སྤེལ་བྱ་བའི་ལས་ཚབ་ཀྱི་འགན་ཁུར་ཡོད།
  པད་མ་ཚེ་བརྟན་ལགས་ཀྱི་གློག་བརྙན་བརྩམས་ཆོས་གསར་པ«དབུགས་ལྒང»རེབ་འདིའི་ཧྭེ་ནན་གླིང་ཕྲན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གཙོ་འགྲན་སྡེ་ཚན་གྱི་རྟིང་རྩོད་དུ་ཚུད་པ་ནི། གློག་བརྙན་རང་སྟེང་གི་འགུག་ཤུགས་ཙམ་མིན་པར། དེ་ནི་བོད་ཀྱི་གློག་བརྙན་ལས་རིགས་ཀྱི་ཐོན་ལས་འཕེལ་རྒྱས་ཐད་ལའང་དོན་སྙིང་གལ་ཆེན་ཐོན་ཡོད་པ་རེད།

  «དབུགས་ལྒང»གི་བརྙན་པར།

  རེབ་གཉིས་པའི་ཧྭེ་ནན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་འདི་ནི་སྤྱི་ཟླ༡༢པའི་ཚེས༡ཉིན་ནས་ཚེས་༨བར་ཧྭེ་ནན་ཞིང་ཆེན་ཟན་ཡ་གྲོང་ཁྱེར་ནས་བསྡུ་འཆར་འདུག དེ་བས། ང་ཚོས་གློག་བརྙན«དབུགས་ལྒང»ལ་རེ་སྨོན་གྲངས་མེད་ཀྱིས་བསུ་མ་བྱ་ཆོག་ཨང་།

དཔྱད་མཆན་ཡོད།