བྱིས་པའི་དངོས་ཟིན་གློག་བརྙན།«ཨ་རིག་ཉི་མིའི་འཇིག་རྟེན།»


བྱིས་པའི་དངོས་ཟིན་གློག་བརྙན་འདི་ནི་བྱིས་པ་ལོ་གསུམ་ཅན་ཞིག་གི་མཚར་སྣང་གི་འཇིག་རྟེན་དང་ཁོའི་འཚར་ལོངས་ཀྱི་གོ་རིམ་དག་དམིགས་སུ་བཟུང་སྟེ་དགའ་སྐྱོ་ཡི་འཚོ་བའི་ཀློང་དུ་བྱིས་པའི་དྭངས་གཙང་གི་སེམས་ཁམས་བརྙན་མིག་ཏུ་བརྒྱུས་ཏེ།ལྷད་མ་འདྲེས་པའི་བྱིས་པའི་དྭངས་གཙང་གི་འཇིག་རྟེན་ཆུང་ཆུང་ཞིག་མངོན་ཡོད།

གཞན།ཨ་རིག་ཉི་མ་ཞེས་པའི་བྱིས་པ་ཆུང་ཆུང་དེ་ལོ་ན་བདུན་གྱི་ཐོག་དགོན་པར་སོང་ནས་གྲྭ་བ་བྱས་པ་སོགས་དགོན་སྡེའི་འཚོ་བ་ཡང་རོལ་པ་སོགས་ཀྱི་དྭངས་གཙང་གི་ཆ་བརྗོད་ཡོད།མདོར་ན།བྱིས་པ་དེས་ཁོར་ཡུག་མི་འདྲ་བ་གཉིས་ནས་འཚོ་བ་རོལ་ཞིང་ཁོའི་བྱིས་དུས་ཀྱི་གཏམ་རྒྱུད་ངོ་མཚར་བ་ཞིག་བརྙན་ལམ་ནས་བརྗོད་ཡོད་དོ།།

དེ་རིང་ནས་བཟུང་ཁྱེད་ཚོས་ཨ་དར་ཤ-Adarshaགཞུང་ཕྱོགས་སྤྱི་སྟེགས་ནས་དངོས་སུ་བལྟ་ཐུབ།

དཔྱད་མཆན་ཡོད།