བརྙན་ཐུང«རི་མོ་བ་ཆུང་ཆུང»ལྷོ་ནུབ་ནས་ཕབ་མགོ་བརྩམས།


1111_Fotor.jpg


    ཟླ་དགུ་བའི་ཚེས་བཅུ་ཉིན་ན་གཞོན་འཁྲབ་ཁྲིད་པ་ཆོས་རྒྱས་དང་ཚེ་དོན་གཉིས་ཀྱི་བརྙན་ཐུང་བརྩམས་ཆོས་༼རི་མོ་བ་ཆུང་ཆུང༽་གི་ཕབ་སྐྲུན་མཛད་སྒོ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་དངོས་སུ་སྤེལ།

    བརྙན་ཐུང་འདི་ནི་ཤ་དར་ཁྲག་དར་གྱི་བོད་ཀྱི་སློབ་ཆེན་སློབ་མ་ཞིག་གིས་ཆེས་ཐོག་མར་མི་ཡུལ་དུ་བཏང་བའི་གླུ་སྐད་ཅིག་སྟེ། རྨི་ལམ་སྒོར་སྒོར་དེའི་ཕྱིར་དུ་ལང་ཚོའི་དཔའ་སྤོབས་དང་རྣམ་དག་ཤེས་རབ་ཀྱིས་སྒྲོན་པའི་ཐོག་མའི་དབུ་ཁྱུད་ཅིག་ཡིན།

    ༼རི་མོ་བ་ཆུང་ཆུང༽་ཞེས་པའི་གློག་བརྙན་འདིའི་ནང་དུ་རི་མོ་འབྲི་བར་དུངས་བའི་བོད་ཀྱི་ན་གཞོན་སློབ་ཆེན་པ་ཞིག་གི་ཕུགས་བསམ་དང་མི་ཚེའི་གདམ་ཀ་བྲིས་ཡོད་ལ། རི་མོ་བ་དོན་འགྲུབ་སློབ་མཐར་ཕྱིན་རྗེས་གྲོང་ཁྱེར་དང་བརྩེ་དུང་གི་བསླུ་བྲིད་དག་རྒྱབ་ཏུ་དོར་ནས་གཞི་རིམ་དུ་རི་མོའི་དགེ་རྒན་བྱས་པའི་གནས་ཚུལ་དང་། ལོ་ངོ་བཞིའི་རིང་གི་སློབ་ཆེན་གྱི་འཚོ་བ་དང་རི་མོའི་བརྩམས་ཆོས་ཀྱི་གྲུབ་འབྲས་སོགས་བརྗོད་པ་བརྒྱུད་ནས་དེང་རབས་བོད་ཀྱི་ན་གཞོན་སློབ་ཆེན་པ་དག་ལ་སྐུལ་སློང་གི་ཚུལ་དུ་བྲིས་འདུག

                


མི་ཆུང་ཆུང་།

རི་མོ་བ་ཆུང་ཆུང་།

སྒྱུ་རྩལ་བ་ཆུང་ཆུང་།

ཆུང་ཆུང་ནི་འོད་ཀྱི་ཐིགས་པ་ཞིག་ཡིན།

ཆུང་ཆུང་ནི་འཚོ་བའི་གྲུ་ཟུར་གྱི་སྣང་བརྙན་ཞིག་ཡིན།

ཆུང་ཆུང་ནི་ཚེ་བླ་སྲོག་གསུམ་ཡིན།

ཆུང་ཆུང་ནི་ཁྱེད་དང་ང་དང་ཁོང་ཡང་ཡིན་ནོ།།

ཆུང་ཆུང་ལས་ཡོད་ཚད་མགོ་བརྩམས་ཏེ།

མཐའ་མཇུག་གི་རེ་བ་ཡོད་ཚད་དེ་ལས་རྙེད་པ་ཡིན།

                                   --- གཉན་ནས།


 

དཔྱད་མཆན་ཡོད།