བརྙན་ཐུང«ཉིན་ཐོ»ཞེས་པ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཕབ།


      སྤྱི་ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན།   ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་གློག་བརྙན་ཚོགས་ཆུང་གིས《ཉིན་ཐོ》ཞེས་པའི་བརྙན་ཐུང་ཞིག་དངོས་སུ་ཕབ་མགོ་ཚུགས་ཤིང་། ཉིན་ཁ་ཤས་ཀྱི་འབད་པ་བརྒྱུད་ད་རེས་ཕབ་ཚར་ཡོད་འདུག
      གློག་བརྙན་འདིའི་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་པ་པོ་ནི་བོད་རིག་པ་ཞིབ་འཇུག་གླིང་གི་དངོས་གཞིའི་ལོ་རིམ་གསུམ་པའི་ལྷག་པ་ཚེ་རིང་ཡིན་ཞིང་། གཞན་ཆེད་ལས་ཕྱོགས་ཀྱི་འཁྲབ་ཁྲིད་པ་དང་བརྙན་ལེན་པ་ཡང་དཔུང་འདིར་ཞུགས་འདུག

11111.jpg

IMG_5307.JPG

无标题.jpg      

     འཁྲབ་ཁྲིད་པ་ན་རེ། བརྙན་ཐུང་འདི་ནི་ངའི་འཚོ་བ་དང་འབྲེལ་བ་ཡོད་པའི་བརྙན་ཐུང་ཞིག་ཡིན།     དེར་མ་ཟད་ངས་ཆེས་ཐོག་མར་འཁྲབ་ཁྲིད་བྱས་པའི་བརྙན་ཐུང་ཡང་ཡིན།       གློག་བརྙན་འདི་ལ་མཐུན་རྐྱེན་སྐྲུན་མཁན་གྱི་དགེ་སློབ་དང་ལྷག་པར་འཁྲབ་ཁྲིད་པ་དར་རྒྱས་བསྟན་འཛིན་དང་བརྙན་ལེན་པ་བཀྲ་ཤིས་ཟླ་བ་གཉིས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ཐེངས་འདིའི་བརྙན་ཐུང་འདི་ལེགས་འགྲུབ་ཡོང་བར་ཡིད་ཆེས་ཆེན་པོ་ཡོད་ཅེས་ཟེར།

题_Fotor.jpg
གཙོ་འཁྲབ་པ་ཆོས་ལྡན་དང་ཀུན་བཟང་དཔལ་འཛོམས་གཉིས།

________________________________

གློག་བརྙན་ཚོགས་ཆུང་ཞེས་པ་འདི་ནི། ༢༠༡༤ལོའི་མཇུག་ཏུ་བོད་རིག་པ་ཞིབ་འཇུག་གླིང་གི་ནང་ཁུལ་ནས་བཙུགས་པའི་གློག་བརྙན་སྐོར་གྱི་ཚོགས་པ་ཞིག་ཡིན་ལ། ཚོགས་པ་འདིས་ཉེ་བའི་ཆར་གློག་བརྙན་ཕབ་སྐྲུན་དང་གྲངས་མཛོད་བཟོ་བ་སོགས་གློག་བརྙན་དང་འབྲེལ་བའི་ལས་དོན་ལ་འཇུག་མུས་ཡིན་ཞིང་། མུ་མཐུད་ནས་གློག་བརྙན་སྐོར་གྱི་ལས་གང་མང་བསྒྲུབ་འཆར་རེད་འདུག


 

དཔྱད་མཆན་ཡོད།