གློག་བརྙན«ཐར་ལོ»ཡི་ལོ་རྒྱུས་རང་བཞིན་གྱི་དུས་ཚོད་ཅིག

       ཉེ་དུས་ཀྱི་གནས་ཚུལ་ལྟར་ན། པད་མ་ཚེ་བརྟན་གྱིས་གསར་དུ་ཕབ་བཞིན་པའི་གློག་བརྙན «ཐར་ལོ» ཞེས་པའི་ཕབ་སྐྲུན་གྱི་ལས་དག་བདེ་བླག་ངང་སྤེལ་བཞིན་འདུག་ཅིང་། ཟླ5བའི་ཚེས21ཉིན་སྐྲ་བཞར་བུ་མོ་གཡང་ཕྱུག་འཚོས་གློག་བརྙན་གྱི་གཏམ་རྒྱུད་ལྟར་གཙོ་འཁྲབ་པ་ཞི་བདེ་ཉི་མའི་སྐྲ་ལོ་རིང་བོ་ཡོངས་སུ་བཞར་བ་དེའི་ཐད་ནས་ད་ནངས་ཞོགས་པར་པད་མ་ཚེ་བརྟན་གྱིས་པོད་ཐུང་དང་སྐད་འཕྲིན་གྱི་ལམ་ནས་གློག་བརྙན«ཐར་ལོ»ཡི་ལོ་རྒྱུས་རང་བཞིན་གྱི་དུས་ཚོད་ཅིག་(2015年5月21号下午五时,电影《塔洛》的历史性时刻)ཅེས་པའི་རྩོམ་ཐུང་ཞིག་སྤེལ་བ་དྲ་ངོས་ནས་ཀུན་པོས་ཚ་ཚ་འུར་འུར་གྱིས་བརྒྱུད།

       ཤེས་གསལ་ལྟར་ན། གཙོ་འཁྲབ་པ་ཞི་བདེ་ཉི་མའི་སྐྲ་ལོ་ལོ་བཅུ་བདུན་རིང་མ་བཞར་བར་བཞག་པར་བཤད་ལ། སྐྲ་ལོ་བཞར་སྒང་དེར་ཞི་བདེ་ཉི་མས་མིག་ཆུ་བཏང་བར་མཐའ་འཁོར་གྱི་མི་རྣམས་བློང་བློང་བོར་བྱས་ཤིང་། མཐའ་མར་ཁོས་སྒྱུ་རྩལ་གྱི་ཆེད་དུ། བློས་ཤིག་གཏོང་། ཞེས་བརྗོད།

6.pic.jpg

9.pic.jpg

7.pic.jpg

8.pic.jpg

 

{ཟུར་བཀོད།} 

1 གློག་བརྙན་གསར་པ«ཐར་ལོ»ཡི་ཕབ་སྐྲུན་མཛད་སྒོ། filmtbt.com/other/2015-05-01/420.html

2 པད་མ་ཚེ་བརྟན་གྱིས«ཐར་ལོ»ཞེས་པའི་གློག་བརྙན་གསར་པ་ཞིག་ཕབ་གྲབས། filmtbt.com/other/2015-04-08/413.html

3 #ཐར་ལོ་ཐད་གཏོང་།# filmtbt.com/other/2015-04-27/417.html


 

དཔྱད་མཆན་ཡོད།