ཉེ་ལམ་དགའ་བསུ་ཐོབ་པའི་བོད་སྐད་བརྙན་ཐུང་ཡག་པོ་གཉིས།

  མགྱོགས་འཕྲིན།

  པྲ་དྲའི་མངའ་འོག་གི་བརྒྱུད་ལམ་གསར་པ་

  ཨ་དར་ཤ - Adarsha

  ཞེས་པ་རུ་བོད་བརྙན་ཡག་ཤོས་དག་རིམ་པར་སྟོན་མགོ་རྩོམ་བཞིན་པ་ལས།

  བློ་བཟང་བཀྲ་ཤིས་ཀྱི་སྲུང་སྐུད་དང་བློ་བརྟན་གྱི་མདུད་པ་

  གཉིས་བསྟན་ནས་ཟླ་གཅིག་མ་ལོན་གོང་ལ།

  བསྡོམས་ལྟ་མཁན་10000་ལྷག་བྱུང་ཞིང་།

  ཀུན་ནས་གདེང་འཇོག་

  མཐོན་པོ་

  བྱ་བཞིན་འདུག


                                                                                    སྲུང་སྐུད།

འཁྲབ་ཁྲིད་དང་འཁྲབ་གཞུང་།བློ་བཟང་བཀྲ་ཤིས།

ནང་དོན་གནད་བསྡུས། ཀ་པ་དང་ཁ་པ་གཉིས་ཀྱིས་ཚོ་བ་གཞན་ནས་གཡག་ཅིག་བརྐུས་ཏེ་རྫོང་གི་ཕྱོགས་སུ་སྐྱོད་ཀྱིན་ཡོད་ལ། རྫོང་ནས་གཡག་བཙོང་རྗེས་སྐྱིད་པོ་བྱ་འཆར་ཡོད། ཡིན་ནའང་ལམ་བར་ནས་ཁ་པའི་རྨི་ལམ་ནང་གཟན་ཤམ་གྱོན་པའི་གྲྭ་པ་ཞིག་ཡོང་སྟེ ངས་རྣ་རུ་སྲུང་སྐུད་ཡོད་པའི་གཡག་ཅིག་བོར་སོང་། ཁྱོད་ཀྱིས་ཨེ་མཐོང་། ཞེས་ཡང་དང་བསྐྱར་དུ་འདྲི་བཞིན་པ་རྨིས། ཁ་པ་གཉིད་ལས་སད་རྗེས་གཡག་དེའི་རྣ་རུའང་སྲུང་སྐུད་ཡོད་པ་མཐོང་བས་སེམས་མ་བདེ། ཁོ་གཉིས་རྒད་པོ་ཞིག་ལ་འཕྲད་ཅིང་དེས་གཞི་བདག་དང་འབྲེལ་བའི་གཏམ་རྒྱུད་ཅིག་བཤད་པས་ཁ་པ་ལྷག་ཏུ་འཚབ་འཚུབ་ཏུ་བཏང་། ས་རུབ་ཁར་ཁོ་གཉིས་ཁྱིམ་ཚང་ཞིག་ནས་ཞག་སྡོད་བྱས་ཤིང་ཁ་བས་ཡང་བསྐྱར་རྨི་ལམ་འཇིགས་པོ་ཞིག་རྨིས་པས་ཀ་བར་གཡག་དེ་ཕྱིར་གཏོང་མིན་སྐོར་དྲིས་ནའང་། ཀ་བ་དོན་འདིར་རྩ་བ་ནས་ཡིད་འཐད་མེད་པས་ཁོ་གཉིས་ཀྱི་འགལ་བ་ཆེར་ཕྱིན། ལམ་བར་ཁོ་གཉིས་ཀྱི་རླངས་འཁོར་ལ་ཆག་སྐྱོན་བྱུང་བ་དང་། ཁ་པས་སླར་ཡང་རྨི་ལམ་ཞིག་རྨིས། རྨི་ལམ་ནང་ཁོས་ཀ་པ་བསད་ཅིང་གཡག་ཁྲིད་ནས་ཕྱིར་ལོག་བཞིན་པ་རྨིས།

 


གཙོ་འཁྲབ་པ།རིན་ཆེན་ནོར་བུ་དང་སྒྲོལ་དཀར་སྐྱབས།
 


  མདུད་པ།

  ནང་དོན་གནད་བསྡུས། གློག་བརྙན་འདིར་འབྲོག་ཁྱིམ་དཀྱུས་མ་ཞིག་གི་དགུན་ཤ་བྱེད་པའི་འཚོ་བ་གཙོ་བོར་བརྗོད་ཐོག མི་སྣ་རིན་མོའི་སེམས་འཁུར་དང་ཁོན་ཐར་གྱི་ནང་སེམས་སུ་གནས་པའི་འགལ་འདུ་གཉིས་མངོན་མེད་ཤུགས་འབྱུང་གིས་གདོང་གཏུག་བྱེད་པའི་རང་བྱུང་དང་རང་བྱུང་མ་ཡིན་པའི་སྣང་ཚུལ་ལྟ་བུ་ཞིག་སྤྲོས་ཏེ་སླར་ཡང་མི་སྣ་ཁོན་ཐར་སོམ་ཉིའི་རྒྱ་རུ་ཚུད་པའི་རྣམ་པ་སོགས་བཀོད་ཡོད།དགུན་ཁ་སླེབས་ལ་ཉེ། ཁོན་ཐར་ཚང་གིས་དགུན་ཤ་ལ་གྲ་སྒྲིག་བྱེད་བཞིན་ཡོད་ཅིང་། གྲོས་གཞི་ལྟར་བེའུ་མེད་པའི་འབྲི་སྐམས་ཤིག་བཤའ་བར་བརྩམས་པས་ནི་བཟའ་ཟླ་གཉི་གར་བྱིས་པ་བཙའ་རྒྱུ་མེད་པའི་སེམས་ནད་རྙིང་བ་དེ་བསླངས་བྱུང་། ཁོན་ཐར་སེམས་ཁུར་རྙིང་བ་ཞིག་གི་རྒྱ་ལས་ཐར་མ་ཐུབ་པར་ལུས་སྒང་དེར། སླར་ཡང་སེམས་ཁུར་གསར་བ་ཞིག་གི་གཡང་ལ་ཚུད་སོང་།

 འཁྲབ་ཁྲིད་དང་འཁྲབ་གཞུང་།བློ་བསྟན།

  ཨ་དར་ཤ་ནས་གློག་བརྙན་གློག་བརྙན་འདི་གཉིས་ལ་བལྟ་ཐུབ།

དཔྱད་མཆན་ཡོད།