གློག་བརྙན«ཚེ་རིང་གི་སྐྲ»ཞེས་པ་ཕབ་སྐྲུན་ལེགས་འགྲུབ་བྱུང་བ།


       ཉེ་ཆར་བོད་ཀྱི་གློག་བརྙན་གསར་པ《ཚེ་རིང་གི་སྐྲ》ཞེས་པ་དེ་ཨ་མདོ་རྔ་བ་ནས་ཕབ་སྐྲུན་མཛད་སྒོ་སྤེལ་ཞིང་། སྤྱི་ཟླ2015_8_21ཉིན་ཕབ་སྐྲུན་གྱི་ལས་ཡོངས་སུ་མཇུག་གྲུབ་པ།

3.pic.jpg4.pic.jpg

      གློག་བརྙན་འདིའི་ནང་དེང་གི་ན་གཞོན་སྙན་ངག་པ་མགར་དམག་གིས་གཙོ་འཁྲབ་བྱས་ཡོད་ཅིང་། ན་གཞོན་འཁྲབ་ཁྲིད་པ་ཨ་སྒང་ཡར་རྒྱས་ཀྱིས་བརྙན་ལེན་གྱི་ལས་འགན་གཅིག་ལྕོག་གི་འོག་གྲུབ་པ་ཞིག་ཡིན་ནོ།།

2.pic.jpg

      གློག་བརྙན《ཚེ་རིང་གི་སྐྲ》ཞེས་པ་འདི་ནི་ན་གཞོན་འཁྲབ་ཁྲིད་པ་སྙུག་བཅུད་ལེན་༼ཡོན་ཏན༽་གྱིས་ཆེས་ཐོག་མར་འཁྲབ་ཁྲིད་གནང་བའི་བོད་ཀྱི་བརྙན་ཐུང་ཞིག་ཡིན་ལ། གློག་བརྙན་འདིའི་ནང་དུ་བོད་ཀྱི་སློབ་ཆེན་མཐར་ཕྱིན་གྱི་གསར་བུ་དར་མ་ཞིག་གི་སེམས་ཁོངས་སུ། རྟག་པར་སུ་དང་གང་གིས་ཀྱང་རྟོགས་དཀའ་བའི་གསང་བ་ལྐོག་གྱུར་གྱི་ཕུགས་བསམ་ལྡོག་གཅིག་ཉལ་ནས་ཡོད་པ་དེ། ཁོའི་ཆེས་འདང་ཆེ་བའི་སྐྲ་ལོ་རིང་བོ་དང་འབྲེལ་ནས་ཕུགས་བསམ་འཚོལ་སྙེག་གི་སྙིང་སྟོབས་ཤིག་བརྗོད་བྱར་བཟུང་ཡོད་ལ། ཁོའི་ཕུགས་བསམ་འཚོལ་སྙེག་གི་སེམས་ངལ་གང་དེས་ཁོ་རང་རྒྱུན་དུ་མི་ཚོགས་ཀྱི་བས་མཐར་ཁེར་རྐྱང་དུ་ལྷག་འདུག་པའི་གཏམ་རྒྱུད་སྐྱོ་ལྷིང་ངེ་ཞིག་བརྗོད་ཡོད་ཅིང་། བརྙན་གཟིགས་ཀྱི་ལམ་ནས་བོད་ཀྱི་ན་གཞོན་སློབ་སྦྱོང་བ་དག་གི་ཕུགས་བསམ་འཚོལ་སྙེག་གི་སྙིང་སྟོབས་ལ་ཐུགས་སྣང་ཆེས་ཆེར་གནང་བའི་བརྩམས་ཆོས་ཤིག་ཡིན།

 

འཁྲབ་ཁྲིད་པ་ངོ་སྤྲོད།
       ན་གཞོན་འཁྲབ་ཁྲིད་པ་སྙུག་བཅུད་ལེན་ནམ་༼ཡོན་ཏན༽་ནི་ཨ་མདོ་རྔ་བ་རུ་སྐྱེས་ཤིང་། རིམ་བཞིན་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དང་5.pic.jpgནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་འགྲིམ་སྟེ།5.pic.jpg2014ལོའི་ཟླ་7པར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རྩོམ་རིག་ཆེད་སྦྱོང་ནས་སློབ་མཐར་ཕྱིན། སྤྱི་ལོ་2009ལོ་སྟེ་ཁོ་རང་མཐོ་འབྲིང་ལོ་རིམ་གཉིས་པའི་སྐབས་སུ་རྐང་འཁོར་ཞིག་བཞོན་ནས་ཁམས་ཕྱོགས་གཙོས། ཉི་མ་ལྷ་སའི་ལྷོ་ཁ་ཕྱོགས་དང་མདོ་ཁམས་སོགས་སུ་རིག་གནས་འགྲུལ་བཞུད་ཀྱི་ཡུལ་སྐོར་ཐེངས་གཅིག་བྱས་པའི་གྲུབ་འབྲས་སུ། 《རྐང་འཁོར་དང་ལྷ་ས》ཞེས་པའི་ཡུལ་སྐོར་ཟིན་ཐོའི་དཔེ་དེབ་ཅིག་པར་དུ་བསྐྲུན། སློབ་ཆེན་གྱི་སྐབས་སུ་སྤྱི་ཚོགས་ཀྱི་གནད་དོན་གང་མང་བརྗོད་བྱར་བཟུང་བའི་འབོལ་རྩོམ་ཆེད་དེབ《མི་རབས་དཔའ་བོ》པར་སྐྲུན་བྱས། དེ་མིན་སྔ་ཕྱིར་སྤྱི་ཚོགས་དཔྱད་བརྗོད་ཀྱི་དུས་དེབ《གསར་བརྗེ་བ》དང་《ཞོགས་དུང་སྙིང་སྟོབས》སོགས་ཀྱིས་མཚོན་པའི་དུས་དེབ་ཁ་ཤས་རྩོམ་སྒྲིག་བྱས། དེ་ལྟར་རྟག་པར་སློབ་སྦྱོང་གི་ཞར་ལ་འབོལ་རྩོམ་གཙོས། སྒྲུང་གཏམ་《བོད་མི་ཞིག་གི་སེམས་ངལ》དང《རོགས་སྐྱོར》སོགས་ཀྱིས་མཚོན་པའི་རྩོམ་རིག་བརྩམས་ཆོས་གང་མང་ཞིག་བོད་ཀྱི་དྲྭ་ཚིགས་སོ་སོ་དང་དུས་དེབ་གང་མང་ཞིག་ཏུ་བཀོད་དང་འགོད་བཞིན་མཆིས། ཁོ་རང་ནུབ་བྱང་ནས་སློབ་མཐར་ཕྱིན་རྗེས་པེ་ཅིང་དུ་གོམས་སྟབས་བསྒྱུར། ད་ལྟ་པེ་ཅིང་དུ་གློག་བརྙན་སྒྱུ་རྩལ་གྱི་སྐོར་ནས་སློབ་སྦྱོང་བྱེད་ཀྱིན་མཆིས་སོ།།


 

དཔྱད་མཆན་ཡོད།