«གཙང་བོ»ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་བསྟན།


WeChat_1445265044.jpg

      དེ་རིང་སྟེ་ལུགས་རྙིང་གི་ཚེས་བདུན་ཉིན་ཟོན་ཐར་རྒྱལ་གྱིས་ཁོ་རང་གི་གློག་བརྙན་གསར་པ་གཙང་བོ་འཁྱེར་ནས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་བསྟན། 

      དགུང་མོའི་དུས་ཚོད་བདུན་ཐོག  སློབ་གྲྭ་འདི་གའི་རིག་གནས་ཐོག་ཁང་གི་ཉིས་ཐོག་སྙན་ཞུ་ཁང་དུ་ལྟད་མོ་བས་བཀང་ཞིང་། གླིང་དཔོན་གཞོན་པ་རྒན་བཀྲ་བྷས་ཀུ་རེ་འདྲེས་མས་བྱེད་སྒོའི་མགོ་བཟུང་ཞིང་། དེའི་འཕྲོར་ཟོན་ཐར་རྒྱལ་གྱིས་སྔོན་བསུའི་ཚིག་ཐུང་ཐུང་འགའ་བཤད་པ་དང་སྦྲགས། དངོས་སུ་གློག་བརྙན་ལ་ལྟ་བའི་གཞུང་དངོས་སུ་ཞུགས།  གློག་བརྙན་ལ་བལྟས་ཚར་རྗེས་བརྗོད་གཞི་འདྲ་མི་འདྲའི་ཐོག་ནས་དྲི་བའི་རྣམ་པས་བགྲོ་གླེང་གི་མགོ་བཟུང་ཞིང་།

WeChat_1445265044.jpeg

      ལྟད་མོ་བ་དག་གིས་དམངས་སྲོལ་དང་པར་མིག་གི་དལ་མགྱོགས། འཁྲབ་ཁྲིད་པའི་འདོད་འདུན་ཕྱོགས་ནས་བགྲོ་གླེང་ཕེར་བོ་བྱུང་བའི་ཚུལ་བྱུང་། འཁྲབ་ཁྲིད་པས་གཙང་བོ་སློབ་ཆེན་ཁག་ཏུ་སྟོན་ཐེངས་དང་པོ་ཡིན་པར་བཤད་ཅིང་། གཞན་ཁོ་དང་མི་འགའ་མཉམ་རུབ་སྒོས་སྒྲུབ་ཀྱིན་པའི་ཁྱུང་ཆེན་བརྙན་གླིང་ཞེས་པའི་ཐད་ནས་ངོ་སྤྲོད་མདོར་བསྡུས་དང་བཅས། གཞོན་སྐྱེས་གློག་བརྙན་ཐད་མོས་པ་ཡོད་པ་དག་གིས་མུ་ནས་འབད་པའི་རྒྱུན་སྐྱོང་དགོས་པའི་ཐད་ནས་ཡང་སྐོར་བསྐྱར་སྐོར་གྱིས་གླེང་།

WeChat_1445265052.jpg

1.pic_hd.jpg


{ཟུར་བཀོད།}

1 «གཙང་བོ»ཡི་འཁྲབ་སྟོན་པ་དབྱངས་ཅན་ལྷ་མོ། filmtbt.com/other/2015-06-18/432.html

2 བོད་ཀྱི་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་གློག་བརྙན་བརྩམས་ཆོས་གསར་བ་《གཙང་བོ》པེར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་ཚུད་པ། filmtbt.com/other/2015-01-26/394.html

དཔྱད་མཆན་ཡོད།