དངོས་བཤུས་གློག་བརྙན་《རྩམ་པ》དང་《རྡོ་རྐོ་བ》གཉིས་ཁྲི་འདུ་རུ་གཟིགས་འབུལ་བྱས།

微信图片_20171226094951.jpg

       སྤྱི་ཟླ་༡༢པའི་ཚེས་25ཉིན་གྱི་དགོང་མོར། བརྟན་གཡོའི་མིག་དངོས་བཤུས་གློག་བརྙན་ལས། མཛོད་དགེ་བརྙན་ལེན་ཚན་ཆུང་གི་འཁྲབ་ཁྲིད་པ་འབྲིང་བ་ཡོན་ཏན་དང་འཕགས་པ་ཚེ་རིང་གཉིས་ཀྱི་དངོས་བཤུས་གློག་བརྙན་《རྩམ་པ》དང་《རྡོ་རྐོ་བ》གཉིས་ཁྲི་འདུའི་སི་ཁྲོན་རྒྱལ་སྤྱིའི་གྲགས་སྙན་ལས་རིགས་སློབ་གླིང་དུ་གཟིགས་འབུལ་བྱས། གློག་བརྙན་བསྟན་གྲུབ་རྗེས་སློབ་གྲྭ་དེ་གའི་ལྟད་མོ་བ་དགེ་སློབ་ཡོངས་ཀྱིས་བོད་ཀྱི་གཞོན་སྐྱེས་འཁྲབ་ཁྲིད་པ་ཁོང་གཉིས་དང་ལྷན་དྲི་བ་དྲིས་ལན་གྱི་སྒོ་ནས་བགྲོ་གླེང་ལྷུག་པོར་གནང་། ཐེངས་འདིའི་དངོས་བཤུས་གློག་བརྙན་འགྲེམ་སྟོན་གྱི་གཙོ་སྐྱོང་པ་མཐའ་སྒྲོལ་ལགས་ཡིན་ལ། གཟིགས་འབུལ་བྱས་པའི་གློག་བརྙན་ལ་ལྟད་མོ་བ་ཡོངས་ཀྱིས་གདེང་འཇོག་དང་དགའ་བསུ་ཆེན་པོ་ཐོབ། 



微信图片_20171226094955.jpg

གློག་བརྙན་གཟིགས་འབུལ་དང་བགྲོ་གླེང་བྱེད་ཀྱིན་པའི་ཡུལ་དངོས།


ཐེངས་འདིར་གཟིགས་འབུལ་ཞུས་པའི་དངོས་བཤུས་གློག་བརྙན་གཉིས་ཀྱི་སྒྲོག་པར། 


དཔྱད་མཆན་ཡོད།