བོད་ཀྱི་གློག་བརྙན་བརྙན་ཐུང《མཚམས་སྤྲིན》གྱི་ཕབ་སྐྲུན་མཛད་སྒོ་དེ་ཕ་ཡུལ་མང་རྫོང་བྲག་དཀར་དུ་སྤེལ།

微信图片_20180428005716.jpg

          གློག་བརྙན་འདིར་ན་གཞོན་འཁྲབ་འཁྲིད་པ་དགོན་པ་ཐར་གྱི་འཁྲབ་གཞུང་དང་འཁྲབ་འཁྲིད་ཀྱི་འགན་ཁུར་པ་དང་། ན་གཞོན་བརྙན་ལེན་པ་སྒྲོལ་མ་རྒྱལ་གྱི་བརྙན་ལེན་དང་།  བོད་ཀྱི་ན་གཞོན་འཁྲབ་སྟོན་པ་ཁྲི་སེར་ཀེ་ཁོད་དང་ཕ་ཡུལ་མགོ་ལོག་ནས་ཡིན་པའི་སྐྱེས་མ་འཁྲབ་སྟོན་པ་སངས་རྒྱས་མཚོ་གཉིས་ཀྱི་གཙོ་འཁྲབ་བྱས་ལ། གཞན་དྲ་ལམ་སྤྲོ་གར་འཁྲབ་སྟོན་པ་ཕྱུགས་རྫི་སྐྱབས་ལོ་དང་ལྷ་དཔལ་ཚེ་རིང་གཉིས་བཅས་འཁྲབ་སྟོན་མཉམ་ཞུགས་བྱས་ཡོད།

微信图片_20180428005738.jpg

བརྗོད་དོན་གཙོ་བོ།  

           ཀེ་ཁོད་ནི་སྡེ་ལུང་སྡེ་བའི་གསར་བུ་གཞན་དག་དང་འདྲ་བར་སློབ་གྲྭར་འགྲོ་མ་མྱོང་བ་དང་། ཆུང་དུས་ནས་ཡུལ་དུ་ཟོག་རྗེས་དེད་ནས་ཕྱུགས་རྫི་བྱས་དེ་བསྡད། རྩྭ་ས་སྒེར་ལ་བགོས་་པ་ནས་བཟུང་འབྲོག་པ་ཚོས་ཕྱུགས་ཟོག་རྩྭ་སར་བཅུག་རྗེས་ཟོག་རྫིར་འགྲོ་མི་དགོས་པས། ཀེ་ཁོད་དང་ཁོ་དང་ལོ་མཉམ་གྱི་གྲོགས་པོ་ཚོར་ཉིན་རྒྱུན་དོན་དག་གཅིག་ཡོད་པ་ནི་སྡེ་བའི་བཞི་མདོའི་ཚོང་ཁང་དུ་འཛོམས་ནས་ཆང་འཐུང་སྟེ་ཉི་མ་འཕུད་རྒྱུ་དེ་རེད། འོན་ཀྱང་། ཀེ་ཁོད་ཡར་སྔོན་དང་བསྡུར་ན་འགྱུར་འདུག་ཟེར།  དེ་ནི་ཁོའི་གྲོགས་པོ་ཚོས་བཤད་པ་རེད། ད་དུང་ཁོའི་དགའ་རོགས་གསར་བ་ལྷ་སྒྲོན་གྱིས་ཀྱང་ཁོ་རང་ཡར་སྔོན་དང་བསྡུར་ན་འགྱུར་འདུག་ཟེར། ཡིན་ཡང་།  མི་འདྲ་ས་གཅིག་ཡོད་པ་ནི་ཁོའི་གྲོགས་པོ་ཚོས་ཁོ་རང་འགྱུར་འདུག་ཟེར་བའི་རྒྱུ་མཚན་ནི་སྔོན་ཆད་དང་འདྲ་བར་ཁོ་ཚོ་དང་མཉམ་དུ་ཆང་འཐུང་ནས་ཉི་མ་འཕུད་ཐབས་མི་བྱེད་པ་དེ་རེད། འོན་ཏེ། ལྷ་སྒྲོན་གྱིས་ནི་ཀེ་ཁོད་ཀྱི་མོ་རང་ད་ལྟ་ཆུང་མར་མི་ལེན་པ་དང་།  ཉིན་རྒྱུན་ཆང་འཐུང་ནས་སྔོན་དང་འདྲ་བར་མོ་ལ་དོ་སྣང་དེ་འདྲ་མ་བྱེད་པ་དེ་རེད།  དོན་དངོས་སུ་ཇི་ལྟ་བུ་ཞིག་ཡིན་ནམ།  གློག་བརྙན་ལ་གཟིགས་རོགས། 

微信图片_20180428005746.jpg

དཔྱད་མཆན་ཡོད།