ཐོན་མིའི་བརྙན་མཛོད་དངོས་སུ་སྒོ་ཕྱེས།

微信图片_20180705180302.jpg

ཐོན་མིའི་རིག་གནས་བརྗེ་རེས་གློག་བརྙན་ཆེད་སྦྱོང་འཛིན་གྲྭའི་བརྩམས་ཆོས་འགྲེམས་སྟོན།


ཉེ་ཆར། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་རིག་གནས་བརྗེ་རེས་གློག་བརྙན་ཆེད་སྦྱོང་འཛིན་གྲྭ་སྐབས་དང་བོའི་བརྩམས་ཆོས་ལ་བྱ་དགའ་སྟེར་བ་དང་། ཐོན་མིའི་བརྙན་མཛོད་དངོས་སུ་དབུ་འབྱེད་པའི་མཛད་སྒོ། དེ་བཞིན་གཏམ་བརྗོད་གློག་བརྙན་གྲོང་གསེབ་པ་ཞེས་པ་དངོས་སུ་སྟོན་པའི་མཛད་སྒོ་རྣམས་དཀྱུས་གཅིག་ཏུ་སྤེལ།

    ཉིན་མང་པོའི་རིང་ལ་ཆེད་ལས་མཁས་པ་མང་བོས་དཔྱད་བསྡུར་ཡང་ཡང་བྱས་མཐར་སློབ་བུ་འཇམ་དབྱངས་བཀྲ་ཤིས་ཀྱི་《ཁྱུ་ཡོང་གད་པ།》ལ་ཐོན་མིའི་རིག་གནས་བསམ་བློའི་བྱ་དགའ་དང་། བློ་བཟང་ཉི་མའི་《བྱམས་ལྡན་ཨ་མ།》ལ་ཡུལ་སྡེ་མིག་གི་བྱ་དགའ། དེ་བཞིན་མགོན་པ་དགྲ་འདུལ་གྱི་《དམུ་དགེའི་མགོ་གཅུ།》ལ་གདེང་འཇོག་ཆེས་མཐོ་བའི་བྱ་དགའ་དང་། མགོན་པོ་བཀྲ་ཤིས་ཀྱི་《གསེར་དེའུ་འཚོ་གཞས།》དང་། འཇུགས་མེད་ཀྱི་《མཐར་ཕྱིན་དང་ཨོ་རྒྱན།》གཉིས་ལ་བརྙན་བླངས་པ་ཆེས་ལེགས་པ་དང་། ཚུལ་ཁྲིམས་བཟང་ལྡན་གྱི་《འཆམ།》དང་ཉི་མ་ཚེ་རིང་གི་《འཇིག་རྟེན་སྨྱན་ཀའི་ལྷ་དར།》གཉིས་ལ་སྒྲིག་སྦྱོར་ལེགས་པའི་བྱ་དགའ་བཅས་ཐོབ།

       ཚོགས་ཐོག་ཏུ་དགེ་རྒན་འཇིགས་མེད་རྒྱལ་མཚན་གྱིས་ཐོན་མིའི་བརྙན་མཛོད་དངོས་སུ་དབུ་བརྙེས་པ་ཁྱབ་བསྒྲགས་གནང་ཞིང་། ཁོང་གིས་དངོས་སུ་བརྙན་བླངས་པའི་《རྗེ་ཙོང་ཁ་པའི་ཞབས་རྗེས་འཚོལ་བ།》ཞེས་པའི་དངོས་བྲིས་གློག་བརྙན་དེ་བརྙན་ལེན་ཆས་ཆུང་བ་༼༽རྟགས་ཅན་ཞིག་དང་བཅས་བརྙན་མཛོད་ཁང་ལ་ཕུལ། དེ་ནས་ཐའེ་ཝན་གྱི་ལྷོ་ཕྱོགས་སྒྱུ་རྩལ་སློབ་གླིང་གློག་བརྙམ་འཕྲིན་ཞིབ་ཁང་གི་ཀྲུའུ་རིན་ཚའེ་ཆེན་ཐུང་དང་། བོད་ཀྱི་སྐྱེས་ཁམས་སྲུང་སྐྱོབ་པ་གྲགས་ཅན་དབྲ་ཁྱུང་དཔལ་བཟང་། ཡུལ་སྡེ་མིག་གི་འགོ་གཙོ་ལིའུ་པིན་བཅས་ཀྱིས་གཏམ་བཤད་པར་མ་ཟད། ཐོན་མིའི་རིག་གནས་བརྗེ་རེས་གློག་བརྙན་གྱི་མཛུབ་སྟོན་དགེ་རྒན་དང་། ཐོན་མིའི་ཞིབ་འཇུག་ལྟེ་གནས་ཀྱི་འགོ་གཙོ་གྱི་ལིང་འཇིགས་མེད་ཀྱིས་ཐོན་མིའི་བརྙན་མཛོད་ཀྱི་དགེ་མཚན་དང་དམིགས་ཡུལ་གྱི་ཕྱོགས་ནས་གཏམ་བཤད་གནང་། གློག་བརྙན་འཕྲིན་ཆེད་སྦྱོང་གི་དགེ་རྒན་ཁྲིན་ཁྲུང་ཡོའུ་ལགས་ཀྱིས་སློབ་མའི་གློག་བརྙན་བརྩམས་ཆོས་དང་འབྲེལ་བའི་གཏམ་བཤད་གནང་མཐར་འབྲེལ་ཡོད་མི་སྣ་ལ་ལེགས་སྐྱེས་ཕུལ་ཅིང་། ཕུལ་བྱུང་གློག་བརྙན་ཁྱི་ཡོང་གད་པ་དང་། གྲོང་གསེབ་པ་གཉིས་དགེ་སློབ་ཀུན་ལ་གཟིགས་འབུལ་ཞུས་པར་ཚད་མཐོ་བའི་བསྔགས་བརྗོད་ཐོབ།

མཇུག་ཏུ་གློག་བརྙན་འཕྲིན་ཆེད་སྦྱོང་གི་དགེ་རྒན་ཚུའེ་ནས་གྲོང་གསེབ་པ་དང་འབྲེལ་ནས་མི་རིགས་རིག་གནས་ཀྱི་གལ་ཆེ་བའི་དགེ་མཚན་སྐོར་གྱི་གཏམ་བཤད་ཐུང་ངུ་བྱས་ཤིང་མཐར་གློག་བརྙན་འཁྲབ་སྟོན་པ་ཡོངས་ལ་ལེགས་སྐྱེས་ཕུལ་ཏེ་མཇུག་བསྡུས་སོ།།

 微信图片_20180705180309.jpg

ཐོན་མིའི་བརྙན་མཛོད་སྒོ་འབྱེད་མཛད་སྒོ།

 微信图片_20180705180354.jpg

ཐོན་མིའི་བསམ་བློའི་བྱ་དགའ་འཐོབ་མཁན་འཇམ་དབྱངས་བཀྲ་ཤིས།

 微信图片_20180705181341.jpg

ཡུལ་སྡེ་མིག་གི་བྱ་དགའ་འཐོབ་མཁན་བློ་བཟང་ཉི་མ།

 微信图片_20180705180346.jpg

ཐའེ་ཝན་གྱི་སློབ་དཔོན་ཆེན་མོ་ཚའེ་ཆེན་ཐུང་།

微信图片_20180705180323.jpg

གྱི་ལིང་འཇིགས་མེད།

 微信图片_20180705180342.jpg

གློག་བརྙན་ཆེད་སྦྱོང་དགེ་རྒན་ཁྲིན་ཁྲུང་ཡུའུ།

微信图片_20180705180332.jpg

དབྲ་ཁྱུང་དཔལ་བཟང་དང་ཚའེ་ཆེན་ཐུང་གིས་སློབ་མ་དང་མཉམ་དུ་པར་ལེན་བཞིན་པ།

 微信图片_20180705180336.jpg

བྱ་དགའ་འཐོབ་པའི་སློབ་མ་དང་གསོ་རིག་དགེ་རྒན་ཀརྨ་ལམ་བཟང་།

微信图片_20180705180302.jpg

གློག་བརྙན་འཕྲིན་ཆེད་སྦྱོང་འཛིན་གྲྭའི་སློབ་མའི་མཉམ་པར།

 微信图片_20180705180401.jpg

གློག་བརྙན་གྲོང་གསེབ་པའི་འཁྲབ་སྟོན་པ་ཡོངས།


དཔྱད་མཆན་ཡོད།