གློག་བརྙན་༼ཆུ་ལྷམ་ཆུང་ཆུང༽མཚོ་སྔོན་ནས་ཐོག་མའི་གཟིགས་འབུལ་བྱས།

微信图片_20180724172811.jpg 

གློག་བརྙན་༼ཆུ་ལྷམ་ཆུང་ཆུང་།༽ཞེས་པ་གནའ་མཁར་ཟི་ལིང་ནས་བསྡུས་པའི་FIRSTན་གཞོན་གློག་བརྙན་འགྲེམ་གཟིགས་སྟེང་ཐོག་མའི་གཟིགས་འབུལ་བྱས།

微信图片_20180724172814.jpg 

འཁྲབ་ཁྲིད་པའི་གཏམ།

 

        སྤྱི་ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན། གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་ལྟ་སྐུལ་གནང་ཞིང་ན་གཞོན་འཁྲབ་ཁྲིད་པ་ལྷ་དཔལ་རྒྱལ་གྱིས་འཁྲབ་ཁྲིད་གནང་བའི་གློག་བརྙན་བརྩམས་ཆོས་གསར་བ་སྟེ༼ཆུ་ལྷམ་ཆུང་ཆུང་།༽ཞེས་པ། གནའ་མཁར་ཟི་ལིང་ན་གཟབ་རྒྱས་ངང་སྡུད་བཞིན་པའིFIRSTན་གཞོན་གློག་བརྙན་འགྲེམ་གཟིགས་དུས་སྟོན་སྟེང་རྒྱ་ཆེའི་གཟིགས་མོ་བ་ཡོངས་ལ་ཐོག་མའི་གཟིགས་འབུལ་གནང་ཞིང་།  འདི་ནི་འཁྲབ་ཁྲིད་པ་ཁོང་གི་གློག་བརྙན་བརྩམས་ཆོས་ཐོག་མ་ཕྱིར་ཕ་ཡུལ་དུ་ལོག་ནས། ཕ་ཡུལ་གྱི་བརྙན་ཞེན་པ་ཡོངས་དང་ནང་སྒོས་སུ་བོད་རིགས་སྤུན་ཟླ་ཡོངས་ལ་ཐོག་མའི་གཟིགས་འབུལ་གནང་བ་ཞིག་ཀྱང་རེད། 

 微信图片_20180724172807.jpg

        ཐེངས་འདིའི་གཟིགས་འབུལ་སྟེང་དུ་ས་ཕྱོགས་དང་མི་རིགས་མི་གཅིག་པའི་ལྟ་མཁན་མང་པོ་ལྷན་གཅིག་ཏུ་འདུས་ཏེ། བོད་ཡུལ་ནས་ཐོན་པའི་གློག་བརྙན་བརྩམས་ཆོས་འདིའི་སྒྲ་གཟུགས་སྒྱུ་རྩལ་གྱི་ཆ་ལ་གཟབ་ནན་གྱིས་རོལ་མྱོང་བྱས་ཤིང་། གློག་བརྙན་མཇུག་རྫོགས་རྗེས་ལྟ་མཁན་མང་པོའི་དགའ་འབོད་དང་ཐལ་མོའི་རྡེབ་སྒྲའི་ཁྲོད། ༼ཆུ་ལྷམ་ཆུང་ཆུང་།༽ཞེས་པའི་གློག་བརྙན་གྱི་འཁྲབ་ཁྲིད་པ་ལྷ་དཔལ་རྒྱལ་དང་གཙོ་འཁྲབ་པ་འབྲུག་ལྷ་རྡོ་རྗེ། ཕག་མོ་གཡང་སྒྲོན་བཅས་ཡུལ་དངོས་སུ་བསླེབས་ཏེ། ལྟ་མཁན་ཡོངས་དང་ལྷན་དུ་གློག་བརྙན་བརྩམས་ཆོས་འདིའི་མགོ་མཇུག་བར་གསུམ་གྱི་བྱ་བའི་གོ་རིམ་དང་མ་འོངས་པའི་འཆར་གཞི། མིག་སྔའི་གྲུབ་འབྲས་བཅས་ཀྱི་ཐད་ནས་བསམ་བློ་བརྗེ་རེས་དང་དྲི་བ་དྲི་ལན་མང་པོ་བཏོན།

 微信图片_20180724172817.jpg

         མཇུག་མཐར། འཁྲབ་ཁྲིད་པ་ཁོང་གིས་༼ཆུ་ལྷམ་ཆུང་ཆུང་།༽ཞེས་པའི་གློག་བརྙན་ཕབ་སྐྲུན་གྱི་ལས་རིམ་སྔ་གཞུག་ཀུན་ཏུ་རང་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གྱི་བརྩེ་བ་ལྷོད་མ་མྱོང་བའི་གྲོགས་དང་གྲོགས་མོ་ཡོངས་ལ་བཀའ་དྲིན་ཞུས་ཤིང་། མ་འོངས་པར་བོད་བརྙན་གྱི་བསྟན་པ་སྔར་ལས་དར་བའི་སྨོན་འདུན་དང་ཁ་གཡང་བསྒྲགས་རྗེས། ཡུལ་དངོས་ཀྱི་བརྙན་ཞེན་པ་དག་དང་ལྷན་དུ་དྲན་རྟེན་མཉམ་པར་བསྐྱོན་ཏེ་ཐེངས་འདིའི་བྱེད་སྒོ་བདེ་བླག་ངང་ཡོངས་སུ་མཇུག་རྫོགས་པར་བྱས།


དཔྱད་མཆན་ཡོད།