གློག་བརྙན«ལག་དམར»ལ་རྒྱལ་སྤྱིའི་བརྙན་ཞེན་པ་དག་གི་གདེང་འཇོག་ཐོབ།


640.jpeg

སྤྱི་ཟླ་དགུ་བའི་ཚེས་བཞི་ཉིན། ཙུའུ་ཏུང་གློག་བརྙན་གྱིས་བསྐྲུན་ཞིང་ཝང་ཅ་བེས་ལྟ་སྐུལ་དང་པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་བརྩམས་ཆོས་གསར་བ་«ལག་དམར»ཞེས་པ་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི“གནམ་ས་འབྲེལ་མཚམས”ཞེས་པའི་རྟིང་རྩོད་སྡེ་ཚན་བརྒྱུད་དེ་འཛམ་གླིང་ལ་ཐོག་མའི་གཟིགས་འབུལ་བྱས། 

640-1.jpeg

ཉིན་དེར། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་དང་བརྙན་ལེན་མཛུབ་སྟོན་པ་ལེའུ་སུང་ཡེ། གཙོ་འཁྲབ་པ་དགེ་འདུན་ཕུན་ཚོགསབསོད་ནམས་དབང་མོ། སྦྱིན་པ་བཅས་ཡུལ་དངོས་སུ་འབྱོར་ཞིང་། བརྙན་ཞེན་པ་མང་པོ་དང་ལྷན་དུ་གློག་བརྙན་འདི་ལ་མཉམ་རོལ་བྱས། གློག་བརྙན་བསྟན་ཚར་རྗེས་ཡུལ་དངོས་སུ་འདུས་པའི་ལྟ་མཁན་ཆིག་སྟོང་ལྔ་བརྒྱ་ལྷག་གིས་དགའ་བསུའི་ཐལ་མོའི་རྡེབ་སྒྲ་མཚམས་མ་ཆད་པར་རྡེབ་བཞིན་རང་ཉིད་ཀྱི་འདུག་སྟེགས་དང་ཁ་མ་བྲལ་པར་པདྨ་ཚེ་བརྟན་སླེབས་པར་རེ་སྒུག་བྱས་ཡོད། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་ཀྱང་ཡུལ་དངོས་ཀྱི་བརྙན་ཞེན་པ་མང་པོར་གློག་བརྙན་ཕབ་སྐྲུན་གྱི་མགོ་མཇུག་བར་གསུམ་ཐད་ནས་ཁ་བརྡ་གང་ལེགས་བྱས།

WechatIMG1546.jpeg

རྒྱལ་སྤྱིའི་གློག་བརྙན་དཔྱད་བརྗོད་པ་དག་གིས་བཤད་རྒྱུར“པདྨ་ཚེ་བརྟན་གྱིས་བརྩམས་ཆོས་ཕུལ་དུ་བྱུང་བ་ཞིག་ཕབ་སྐྲུན་བྱས་འདུག་ལ། མ་གཞི་ནས་འཁྲབ་ཁྲིད་པ་གྲགས་ཅན་ཇ་མའོ་ཞེའུ་དང་ཁའོ་ལ་སུའུ་མཱ་ཇེ་གཉིས་ཀྱི་རྗེས་ཆོད་འདུགཅེས་བསྟོད་བསྔགས་ཐོབ།

WechatIMG1547.jpeg

འཛམ་གླིང་ལ་ཐོག་མའི་གཟིགས་འབུལ་བྱས་པ་བརྒྱུད་དེ།   གློག་བརྙན་འདི་ལ་གདེང་འཇོག་མི་དམན་པ་གཅིག་རྗེས་གཉིས་མཐུད་དུ་ཐོབ་ཅིང་། གལ་ཆེ་བ་ནི་རྒྱལ་སྤྱིའི་གློག་བརྙན་སྨྱན་བྱེད་བརྙན་ཡོལ(Screen International)ཞེས་པར་བཀོད་པའི་གློག་བརྙན་དཔྱད་བརྗོད་ལས།  འཁྲབ་ཁྲིད་པས་འཁྲབ་བྱའི་མི་སྣ་མི་འདྲ་བའི་བར་གྱི་ཁ་བརྡ་དང་བྱ་བྱེད་ཀྱི་རྣམ་པ་ཐག་གཅོད་བྱས་པའི་ཁྲོད།   རླངས་འཁོར་ཁ་ལོ་བ་ཡིན་ཡང་འདྲ།  ཡང་ན་ཁ་ལོ་བ་དང་འགྲུལ་བའི་བར་གྱི་འབྲེལ་བ་ཡིན་ཡང་འདྲ།  ཡོད་ཚད་ལ་ཇ་མའོ་ཞེའུ་དང་ཁའོ་ལ་སུའུ་མཱ་ཇེ་ཡི་ཁ་མཚར་རང་བཞིན་གྱི་རྣམ་པ་དེ་མངོན་ཡོད་ལ།  གློག་བརྙན་གྱི་སྤྱིའི་རིང་ཐུང་ལ་སྐར་མ་གྱ་དྲུག་ལྷག་ཡོད་ནའང་།  དོན་བསྡུས་ལ་གློག་བརྙན་རིང་ཤོས་ལས་བརྒལ་བའི་གོ་བ་ཟབ་མོ་ལྡན།  གློག་བརྙན་གྱི་དོན་སྙིང་གཏིང་ཟབ་ཚད་ནས་བཤད་ནའང་།  “ལྟ་འདོད་ཡོད་མེད་དང་བཞད་གད་སློང་ཚད།  ཁ་མཚར།  ཡིད་དབང་འགུག་པའི་ནུས་པ་སོགས་ལ་ཤུགས་རྐྱེན་ཅི་ཡང་ཐེབས་མི་སྲིད་པར་མ་ཟད།  ལྟ་མཁན་ཡོངས་ལ་མིག་ཟུང་གཡོ་བ་མེད་པའི་བརྙན་རིས་ཀྱི་འགུག་ཤུགས་སྟེར་ཐུབ”ཟེར། ད་དུང་བརྙན་ཡོལ་ཞེས་པ་ལས།  ཝང་ཅ་བེའི་རོགས་འདེགས་ཡོད་པས་གློག་བརྙན་འདི་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་ནས་སྔར་ལས་ཚད་གཞི་མཐོན་པོར་བཟུང་ཡོད་ལ།ཁོང་གི་དང་རྟེན་པ་མང་པོར་པདྨ་ཚེ་བརྟན་གྱི་བརྩམས་ཆོས་ལ་དོ་སྣང་བྱེད་དུའང་བཅུག་ཡོད།  ཐེངས་འདིའི་གློག་བརྙན་གཟིགས་འབུལ་ལ་རྒྱལ་ཁབ་ཕྱི་ནང་ཀུན་གྱི་ལྟ་མཁན་དང་སྤྱི་ཚོགས་འབྲེལ་འདྲིས་སྟེགས་བུ་སོགས་ནས་ཚད་མཐོ་བའི་གདེང་འཇོག་ཐོབ་པར་མ་ཟད།  གཞན་ད་དུང་དབྱི་ཐ་ལིའི་གློག་བརྙན་དཔྱད་བརྗོད་པ་དག་གིས་ཀྱང“པདྨ་ཚེ་བརྟན་གྱིས་བརྩམས་ཆོས་ཕུལ་དུ་བྱུང་བ་ཞིག་ཕབ་སྐྲུན་བྱས་འདུག”ཅེས་པའི་བསྟོད་བསྔགས་ཐོབ།

640-3.jpeg

རྒྱལ་སྤྱིའི་བརྙན་ཞེན་པ་ཚོས་གློག་བརྙན་«ལག་དམར»བལྟས་རྗེས་ཀྱི་མྱོང་ཚོར་གླེང་བ།


ས་གདན་དམར་པོའི་སྟེང་གི་སྟག་ཕྲུག་འགའ།

1536379923132757.jpeg



1536379922617721.jpeg

དཔྱད་མཆན་ཡོད།