འཁྲབ་ཁྲིད་པ་ཡོན་ཏན་གྱི་གློག་བརྙན«སྒོ་སམ»ཡོ་རོབ་གླིང་གི་སན་བྷི་ཏི་པོག་གི་གྲོང་ཁྱེར་དུ་གཟིགས་འབུལ་བྱས།
སྤྱི་ཟླ་༩པའི་ཚེས་༤ཉིན་གཞོན་སྐྱེས་འཁྲབ་ཁྲིད་པ་ཡོན་ཏན་གྱི་གློག་བརྙན་སྒོ་སམ་ཡོ་རོབ་གླིང་དུ་གཟིགས་འབུལ་བྱེད་འགོ་ཚུགས་པ་དང་། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་༦སྟེང་དངོས་སུ་ཡོབ་རོབ་གླིང་གི་ཐོག་མའི་གཟིགས་འབུལ་གནང་། གཟིགས་འབུལ་མཛད་སྒོའི་སྟེང་རྒྱལ་ཁབ་མི་འདྲ་བ་སུམ་ཅུ་ལྷག་ནས་ཐོན་པའི་རིག་གནས་ཉམས་ཞིབ་པ་དང་། དགེ་རྒན་ཆེན་མོ། སྒྱུ་རྩལ་པ་དང་མཁས་དབང་མང་པོ་མཉམ་གཅིག་ཏུ་འཛོམས་ཡོད་པ་རེད།
གློག་བརྙན་གཟིགས་འབུལ་མ་བྱས་པའི་ཡར་སྔོན་ལ་འཁྲབ་ཁྲིད་པ་ཡོན་ཏན་གྱིས་གློག་བརྙན་སྒོ་སམ་དང་འབྲེལ་ཏེ་གློག་བརྙན་ཕབ་སྐྲུན་སྐོར་གྱི་ཁ་བརྡ་བྱས་ཤིང་། དེ་འབྲེལ་བོད་ཀྱི་ད་ལྟའི་གློག་བརྙན་གནས་སྟངས་དང་འཕེལ་རིམ་སྐོར་གྱི་གླེང་མོལ་བྱས་ཏེ་ཕྱོགས་སོ་སོ་ནས་ཕེབས་པའི་ཕྱི་གླིང་པ་མང་པོས་དགའ་བསུ་ཆེན་པོས་འཁྲབ་ཁྲིད་པ་ཡོན་ཏན་གྱི་གླེང་མོལ་ལ་དང་དོད་ཆེན་པོ་བྱས།
གློག་བརྙན་སྒོ་སམ་གཟིགས་འབུལ་བྱེད་སྐབས་ཚོགས་ར་ཧ་ཅང་ལྷིང་འཇགས་དང་མཇམ་ཐང་ཐང་ངང་ཕྱི་གླིང་པ་མང་པོས་གློག་བརྙན་སྒོ་སམ་གྱི་ནང་རིག་མ་གྲིམ་པོས་གཟིགས་གནང་བསྡད་བྱུང་ལ། གློག་བརྙན་གྱི་མཇུག་རྫོགས་ཏེ་བརྙན་ཡོལ་དངོས་སུ་གློག་བརྙན་ནང་གི་མཐའ་མའི་ཡིག་འབྲུ་དག་རྫོགས་ཚར་ཕྱིན། ལྟད་མོ་བ་ཚོ་རེ་ཞིག་འཇམ་ཐང་ཐང་ངང་གྲགས་འགུལ་ཅི་ཡང་མེད་པར་ཚོགས་ར་ལྷིང་འཇགས་སེ་བསྡད། མཚམས་ཤིག་གཙོ་སྐྱོང་བས་གློག་བརྙན་མཇུག་སྒྲིལ་བའི་བརྡ་ཙམ་བཏང་བའི་ཚེ་ཚོགས་རའི་ནང་གི་ལྟད་མོ་བ་ཚང་མས་གློ་བུར་དུ་དགའ་སྤྲོ་ཆེན་པོས་དགའ་བསུའི་ཐལ་སྒྲས་ཚོགས་ར་ཁེངས་བར་གྱུར་ཅིང་། དེ་ལྟར་ལྟད་མོ་པ་ཚོས་ལག་པས་མཐེ་བོང་སྒྲེང་སྟེ་འཁྲབ་ཁྲིད་པ་ཡོན་ཏན་ལ་བསྟོད་བསྔགས་ཆེན་པོ་གནང་བ་རེད།
BLACKBOARD
གཟིགས་མོ་བ་ཚོས་གཟབ་ནན་གྱིས་གློག་བརྙན་སྒོ་སམ་ལ་རོལ་མྱོང་བྱེད་བཞིན་པའི་ཡུལ་དངོས།
སྒོ་སམ།
གློག་བརྙན་སྐོར་གྱི་གླེང་མོལ་བགྱི་བཞིན་པའི་ཡུལ་དངོས།
གློག་བརྙན་སྒོ་སམ་ནི་གཞོན་སྐྱེས་འཁྲབ་ཁྲིད་པ་ཡོན་ཏན་གྱི་གློག་བརྙན་བརྩམས་ཆོས་གཉིས་པ་དེ་ཡིན་ཞིང་། སྤྱི་ལོ་༢༠༡༧དང་༢༠༡༨གཉིས་ཀྱི་བར་ཕབ་སྐྲུན་བྱས་ཏེ་སྡོམ་པའི་དུས་ཡུན་ལོ་ཕྱེད་ཅིག་གི་རིང་མཐའ་མའི་དྲས་སྒྲིག་སོགས་ལེགས་འགྲུབ་བྱུང་བ་རེད།
སན་བྷི་ཏི་པོག་གི་གྲོང་ཁྱེར་དང་། འཁྲབ་ཁྲིད་པ་ཡོན་ཏན་གྱི་ཉེ་པར།
BLACKBOARD
སྒོ་སམ།
གློག་བརྙན་སྒོ་སམ་ནི་ལོ་ངམ་མེ་ལོང་གློག་བརྙན་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་འབེབ་སྐྲུན་གྱི་འགན་གཙོ་བོ་འཁུར་བའི་འོག གཞོན་སྐྱེས་འཁྲབ་ཁྲིད་པ་ཡོན་ཏན་གྱིས་འཁྲབ་གཞུང་དང་འཁྲབ་ཁྲིད་བྱས་ཤིང་། ན་གཞོན་སྙན་ངག་པ་མགར་དམག་དང་ཤེལ་དཀར་གཉིས་ཀྱིས་གཙོ་འཁྲབ་བྱས་པ་སོགས་ཀྱི་འོག་གློག་བརྙན་འདིའི་ཁྲོད་ཀྱི་མི་གཤིས་ཀྱི་མཚོན་མདངས་ཐད་ཁ་དོག་གསར་པ་ཞིག་སྐྲུན་ཡོད་པ་རེད། སྤྱི་ཟླ་༨པའི་ནང་རྒྱ་ནག་གི་འཁྲབ་ཁྲིད་པ་གྲགས་ཅན་ཅཱ་ཀྲང་ཁིས་གཙོ་སྒྲུབ་གནང་བའི་༢༠༡༨ལོའི་རྒྱལ་ཡོངས་གློག་བརྙན་ཐུང་ངུའི་དཔྱད་གླེང་གློག་བརྙན་དུས་སྟོན་སྐབས་གཉིས་པའི་མཐའ་མའི་སྟེང་རྩོད་ནང་གློག་བརྙན་༡༤འདེམས་གསེས་བྱས་པའི་ཁྲོད་གློག་བརྙན་སྒོ་སམ་གདམས་ཐོན་དུ་ཚུད་ཡོད་པ་རེད་ལ། དེ་ནས་རིམ་གྱིས་བླ་བྲང་བསང་ཁོག་ཏུ་བསྡུས་པའི་པྲ་མིག་བོད་ཀྱི་གློག་བརྙན་དུས་སྟོན་སྐབས་དང་པོ་སོགས་བརྒྱུད། སྤྱི་ཟླ་༩པའི་ཚེས་༤ཉིན་ཡོ་རོབ་གླིང་དུ་ཐོག་མའི་གཟིགས་འབུལ་གྱི་འགོ་ཚུགས་པ་རེད།






དཔྱད་མཆན་ཡོད།