ཟོན་ཐར་རྒྱལ་གྱི་གློག་བརྙན་གསར་པ«ལྷ་མོ་དང་སྐལ་བྷེ»ལ་བྱ་དགའ་གསར་པ་ཐོབ།

1539871351657396.jpg

1539871351135915.jpg


འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་གློག་བརྙན་བརྩམས་ཆོས་གསར་བ་ལྷ་མོ་དང་སྐལ་བྷེ་ལ་ཕཱེན་ཡོའོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་གཉིས་པའི་འཕེལ་རྒྱས་ཁྲོད་ཀྱི་གློག་བརྙན་ལས་འཆར་ཞེས་པའི་སྡེ་ཚན་གྱི་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ།

1539871386137228.jpg

1539871351583080.jpg

༼.   ལྷ་མོ་དང་སྐལ་བྷེ   ༽  ཡི་སྒྲོག་པར།

དེ་ཡང་གློག་བརྙན་«ང་ཡི་ཆང་གསོལ་རོགས»ཞེས་པའི་ནང་དུ། སྐྱེས་པ་ཞིག་གིས་ཁྱད་དུ་འཕགས་པའམ་ཡང་ན་ལྗིད་ཏིག་ཏིག་གི་འགྲུལ་བཞུད་རིང་མོའི་ཁྲོད། ན་བ་ལྕི་བའི་ཆུང་མའི་གསང་བར་གདོང་གཏད་པ་དང་ཁོ་བོའི་འཚོ་བའི་ཁྲོད་བྱིས་པ་ཆ་མེད་ཅིག་ཐོལ་གྱིས་ཐོན་པའི་སོམ་ཉིར་ཚུད་པའི་རྙོག་འཛིང་གི་སེམས་ཁམས། འགྲུལ་བཞུད་མཇུག་རྫོགས་མཐར་ཡང་བསྐྱར་སེམས་ཀྱི་ལམ་གསར་བ་ཞིག་མགོ་བརྩམས་ཚུལ་སོགས་བརྗོད་ཡོད། འཁྲབ་ཁྲིད་པ་ཁོང་གིས་ཧ་ཅང་ཞིབ་ཆ་ལྡན་པའི་ངང་དངོས་ཡོད་མཛེས་སྡུག་གི་མཐོང་སྣེ་བེད་སྤྱད་དེ་སྣ་མང་སྣེ་འཛིང་གི་བརྩེ་བའི་གཏམ་རྒྱུད་ཅིག་རྒྱུན་མ་ཆད་པར་བརྗོད་ཡོད་པར་མ་ཟད། བརྩེ་བ་ལ་ངེས་པར་ཡོད་འོས་པའི་རིན་ཐང་དང་མཐོ་ཚད་ལ་ཐུན་མོང་མ་ཡིན་པའི་གསལ་འགྲེལ་བྱས་ཡོད་པ་རེད།

དཔྱད་འདེམས་ཚོགས་པས་འདེང་འཇོག་ལས།. གློག་བརྙན་འཁྲབ་ཚན་དུས་ཡུན་སྐར་མ་30ལས་འཁྲབ་སྟོན་བྱས་མེད་ཀྱང་། དེའི་གནས་ལ་མངོན་གསལ་དོད་པོས་བག་ལ་ཉལ་བའི་ཟློས་གར་དང་བརྩེ་སེམས་ཀྱི་ནུས་ཚད་ཤུགས་ལས་མངོན་ཞིང་།  དེང་དུས་ཀྱི་རྒྱུན་ལྡན་འཚོ་བ་དང་དམིགས་བསལ་དུ་ཡོད་པའི་རིག་གནས་ཀྱི་རྣམ་པ། ཆོས་ལུགས་དད་མོས་བར་གྱི་འབྲེལ་འདྲིས་དང་འགལ་བ་ཡི་གནས་ཚུལ་ཕྲན་བུ་མངོན་ཡོད།   འཁྲབ་ཁྲིད་སྒྱུ་རྩལ་གྱི་རྣམ་པས་མི་རྣམས་ལ་རེ་སྒུག་དང་འཆར་སྣང་གིས་བསུ་བ་བྱེད།

དཔྱད་མཆན་ཡོད།