གངས་རྒྱལ་མགོན་པོ་བཀྲ་ཤིས་ཀྱི་གློག་བརྙན་«སྦྲ་ནག་ནང་གི་རེ་སྒུག»པེ་ཅིང་དུ་ཐོག་མའི་གཟིགས་འབུལ་གནང་།

  ཀུང་ཟི་ཚང་གིས་2019ཟླ་8ཚེས་22ཉིན་པེ་ཅིང་དུ་སྤེལ་བའི་གཞོན་སྐྱེས་འཁྲབ་ཁྲིད་པའི་འབྱུང་འགྱུར་ལམ་བུའི་དཔྱད་གླེང་འགྲེམས་སྟོན་ཚོགས་འདུའི་ཐོག་ཏུ་ཆེད་མངགས་གདན་ཞུ་བྱེད་པའི་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཕེབས་པའི་གློག་བརྙན་འཁྲབ་ཁྲིད་པ་དང་གློག་བརྙན་ཕབ་སྐྲུན་པ་སོགས་གཞོན་སྐྱེས་འཁྲབ་འཁྲིད་པའི་འབྱུང་འགྱུར་ལམ་བུའིགཞོན་སྐྱེས་འཁྲབ་ཁྲིད་པ་ལེགས་འདེམས་བྱས་པའི་ཕུལ་བྱུང་བརྩམས་ཆོས་འགྲེམས་སྟོན་ཡུལ་དངོས་སུ་ཞུགས་སྟེ། འཁྲབ་ཁྲིད་པ་གངས་རྒྱལ་མགོན་པོ་བཀྲ་ཤིས་ཀྱི་གློག་བརྙན་གསར་བ་«སྦྲ་ནག་ནང་གི་རེ་སྒུག་»ཞེས་པ་ཐེངས་འདིའི་བརྙན་ཡོལ་ཆེན་མོའི་དབུ་འབྱེད་གློག་བརྙན་དུ་འདམས་ཐོན་བྱུང་བར་མ་ཟད་དགའ་བསུ་རྒྱ་ཆེར་གནང་།

གློག་བརྙན་དེ་ལས་ཆེས་སྤྱིར་བཏང་གི་དོན་བརྗོད་ཉམས་འགྱུར་ཞིག་གི་ལམ་ནས་མ་བུ་གཉིས་བར་གྱི་ཐུན་མོང་མ་ཡིན་པའི་མཛའ་གཅུགས་བརྩེ་འདང་དང་སྐྱེས་པ་བསོད་ནམས་བཀྲ་ཤིས་ཀྱི་སེམས་གཏིང་གི་འཕགས་འཚག ལས་དབང་གི་འཆིང་རྒྱར་ཚུད་པའི་གདམ་ཀ་ཞིག་མངོན་པར་བྱས་ཡོད་པས། གློག་བརྙན་ལ་བལྟས་རྗེས་སུ་འཁྲབ་ཁྲིད་པ་དང་བཟོ་སྐྲུན་པ་མང་པོ་སེམས་འགུལ་བླ་མེད་ཐེབས་ནས་མིག་ཆུའི་ཕྲེང་ཐག་གཏོར་བྱུང་།ཞོར་ནས་གཞོན་སྐྱེས་འཁྲབ་ཁྲིད་པ་གངས་རྒྱལ་མགོན་པོ་བཀྲ་ཤིས་ཀྱིས་ཚང་མར་གཏམ་རྒྱུད་གསར་རྩོམ་གྱི་རྒྱབ་ལྗོངས་དང་གློག་བརྙན་འདིའི་ཐོག་མའི་བརྙན་ཕབས་བྱེད་སྐབས་ཀྱི་སེམས་འདུན་སོགས་ཚང་མར་འོས་སྦྱོར་གནང་ནས་ཕན་ཚུན་ལ་དྲི་བ་དྲིས་ལན་སོགས་འདེབས་པའི་གླེང་མོལ་གནང་སྐབས། མི་ཁ་ཤས་ཀྱིསངས་ཁྱོད་ཀྱི་གློག་བརྙན་ལ་ད་དུང་བལྟས་ནས་ཡིད་མགུ་མ་སོང་ཟེར་བཞིན་དུ།«སྦྲ་ནག་ནང་གི་རེ་སྒུག»ཞེས་པའི་གློག་བརྙན་འདི་ནི་དྲྭ་རྒྱ་རྐྱང་བའི་ལམ་ནས་གོ་ལ་ཧྲིལ་པོར་འགྲེམས་སྤེལ་བྱ་རྒྱུའི་རེ་འདུན་དང་བཅས་བསྔགས་བརྗོད་ཀྱི་མེ་ཏོག་བཏགས་བྱུང་ལགས། །

དཔྱད་མཆན་ཡོད།