གློག་བརྙན་«ལྷ་མོ་དང་སྐལ་བྷེ་»ཧྲིན་སེ་པ་སི་ཏེ་ཨན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་རེ་བདུན་པའི་གཙོ་འགྲན་སྡེ་ཚན་གྱི་འོས་མིང་དུ་ཚུད་པ།
དེ་རིང་སྟེ་སྤྱི་ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན།ཧྲིན་སེ་པ་སི་ཏེ་ཨན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་རེ་བདུན་པའི་གཙོ་འགྲན་སྡེ་ཚན་གྱི་འོས་མིང་དུ་ཚུད་པའི་བརྙན་ཐོ་སྤྱི་བསྒྲགས་བྱས་པར།འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་གློག་བརྙན་ང་ཡི་ཆང་གསོལ་རོགས་ཞེས་པའི་རྗེས་ཀྱི་བརྩམས་ཆོས་གསར་བ། ལྷ་མོ་དང་སྐལ་བྷེ་ཞེས་པ་གཙོ་འགྲན་སྡེ་ཚན་གྱི་འོས་མིང་དུ་ཚུད་ཡོད་པ་རེད།
གློག་བརྙན་འདི་ནི། བོད་རིགས་འཁྲབ་སྟོན་པ་བསོད་ནམས་ཉི་མ་དང་། བདེ་སྐྱིད། སྲས་མཆོག་རྒྱལ་སོགས་ཀྱིས་གཙོ་འཁྲབ་བྱས་ཡོད་པ་དང་།ཁྱུང་ཆེན་བརྙན་གླིང་དང་སི་ཁྲོན་ལེན་ཁྲིན་འུན་རིག་གནས་སྨྱན་སྒྲོག་ཚད་ཡོད་ཀུང་ཟི། མཚོ་སྔོན་ཉི་མའི་ཚོ་བ་མི་རིགས་རིག་གནས་ཚད་ཡོད་ཀུང་ཟི་གསུམ་གྱིས་འགྲེམས་སྤེལ་བྱས་ཏེ། པེ་ཅིན་ཁྲུ་ཅོ་རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་ཟིས་ཕྱི་འགྲེམ་བྱེད་བཞིན་ཡོད་པ་རེད།
གློག་བརྙན་དུས་སྟོན་གྱི་སྔ་གཞུག་ཏེ། ཟླ་དགུ་བའི་ཚེས་ཉི་ཤུ་ནས་ཚེས་ཉེར་བརྒྱད་བར་གློག་བརྙན་ལྷ་མོ་དང་སྐལ་བྷེ་འཛམ་གླིང་ཡོངས་ལ་གཟིགས་འབུལ་ཐོག་མ་བྱེད་རྒྱུ་ཡིན་པར་མ་ཟད། ད་ལོའི་གཙོ་འགྲན་སྡེ་ཚན་གྱི་གསེར་གྱི་མྱི་རྒན་སེན་མོ་རྟགས་མའི་འགྲན་རྩོད་དུ་ཞུགས་རྒྱུ་རེད།
དཔྱད་མཆན་ཡོད།