གེ་སར་རྒྱལ་པོའི་སྒྲུང་གློག་བརྙན་དུ་ཕབ་འཆར་ཡོད་པའི་གཏམ་བཟང་།

  སྐབས་དགུ་པའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་2019ལོའི་ཟླ4ཚེས13ཉིན་ནས་ཚེས20ཉིན་གྱི་བར་རྒྱལ་ས་པེ་ཅིན་ནས་ཚོགས་པ་རེད། བྱེད་སྒོའི་མཇུག་སྒྲིལ་མཛད་སྒོའི་སྟེང་འཛམ་གླིང་ཐོག་ཆེས་རིང་བའི་སྒྲུང་རིང་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གློག་བརྙན་ལ་ཕབ་འཆར་ཡོད་པ་ཁྱབ་བསྒྲགས་དང་ལྷན། གློག་བརྙན་དེའི་སྐོར་གྱི་ཚོགས་མི་ལྷན་རྒྱས་ཀྱང་མཛད་སྒོའི་ཐོག་ཕེབས་ཡོད་པ་རེད།

  བོད་ཀྱི་གེ་སར་ཞིབ་འཇུག་མཁས་དབང་གྲགས་ཅན་འཇམ་དཔལ་རྒྱ་མཚོ་དང་འཁྲབ་གཞུང་རྩོམ་མཁན་གྲགས་ཅན་ལུའུ་ཝེ་གཉིས་ཀྱིས་མཉམ་དུ་གློག་བརྙན་གླིང་རྗེ་གེ་སར་རྒྱལ་པོ་ཡི་འཁྲབ་གཞུང་རྩོམ་པའི་འགན་ཁུར་རྒྱུ་ཡིན་པ་དང་། གློག་བརྙན་དེའི་གཙོ་འཁྲབ་པ་གཏན་འཁེལ་མེད་པ་འམ་ཡང་ན་གསང་བ་བྱེད་ཀྱི་ཡོད་པས་གཙོ་འཁྲབ་སུ་ཡིན་པ་གསལ་ཆ་མེད།

དཔྱད་མཆན་ཡོད།