སྐྱབས་ཆེན་བདེ་གྲོལ་ནས་འོས་སྦྱར་པའི་གློག་བརྙན་ལྔ།

  གཏམ་བཤད་མཁན་གྱི་མིང་ལ་སྐྱབས་ཆེན་བདེ་གྲོལ་ཟེར། ཁ་སྔོན་བཤད་པ་ལྟར་ན། ཁོ་གློག་བརྙན་ལྟ་རྒྱུར་དགའ་ལ་གློག་བརྙན་ཕབ་ཀྱང་མྱོང་ཟེར། ཁ་བྱང་«འབྲོག་པ»ཟེར་ཟེར།གཅིག་བྱས་ན་སྔ་མ་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་ལས་འདིའི་སྐོར་ཞིག་མཐོང་མྱོང་བ་འདྲ། ཉེ་ལམBarnettཡི་རྩོམ་ཞིག་ལས་ཀྱང་དེའི་སྐོར་ཞིག་མཐོང་། བདེན་ཤས་ཆེ་འདུག གང་མགྱོགས་བལྟ་ཐུབ་པར་སྒུགགློག་བརྙན་མ་ཟད། ཁོས་འཁྲབ་གཞུང་དང་བརྙན་དཔྱད་སྐོར་ཞིག་ཀྱང་བྲིས་འདུག

 སྐྱབས་ཆེན་བདེ་གྲོལ།
 

  ང་རང་ཉིད་ལ་མཚོན་ན་ཆུང་བྱིས་པའི་དུས་གཞོན་པའི་དུས་གློག་བརྙན་གྱིས་བཞག་པའི་བག་ཆགས་རི་མོ་བཞིན་བསུབ་རྒྱུ་མེད་པ་ཞིག་རེད། འདི་ཡང་གཙོ་བོ་ང་རང་འབྲོག་པ་འབྲོག་རྐྱང་ནས་མཚར་ལོངས་བྱུང་བའི་རྒྱུ་རྐྱེན་ལ་རག་ལས་སྙམ། འཛམ་གླིང་གི་བརྩམས་སྒྲུང་གྲགས་ཅན«གློ་བུར་ཀྱི་ཁེར་རྐྱང»ཁྲོད་ཅེ་ཕོ་སུ་མིའི་རིགས་ཀྱིས་ཐོག་དང་མར་རྒྱང་མཐོང་དང་མེ་ཤེལ་སོགས་མཐོང་པ་བཞིན་བག་ཆགས་བཞག་པ་ཡིན་མོད། དེ་དུས་སུ་ང་རང་ཕལ་ཆེར་ལོ་བདུན་ཀྱི་སྐབས་ང་ཚོའི་ཆུ་ཁ་མའི་རྨ་ཆུའི་ཁར་ཤིང་ཟམ་འཕེན་གྱིན་ཡོད་མོད། དེ་དུས་བཟོ་ལས་པ་དང་ང་ཚོའི་སྡེ་དཔོན་རྣམས་ཀྱིས་མཚམས་མཚམས་སུ་གློག་བརྙན་གཏོང་མོད། གློག་བརྙན་བཏོན་པའི་སྐབས་རྟགས་གཅིག་ཡོད།གཡོལ་་བ་དཀར་པོ་དེ་རྒྱང་ཤིང་གཉིས་ཀྱི་སྟེང་ལ་དཔྱང་ནས་གློག་བརྙན་བཏོན་སྲིད། ངེད་ཚང་གི་རི་ཡོད་ས་དང་གློག་བརྙན་གཏོང་བའི་བར་སྤྱི་ལེ༨༠༠ཙམ་ཡོད་ཀི། ངས་ནམ་རྒྱུན་གློག་བརྙན་གཏོང་བའི་རུས་དཀར་པོ་དེ་མིག་ལམ་ལ་ཤར་བས་དེ་ནི་ང་ལ་མཚོན་ན་བརྗེད་ཐབས་མེད་པ་ཞིག་ཡིན་སོང་། ་་་ ་་་

  ཁོས་འདི་ལྟར་གླེང་བསླངས་་་་་་ གཤམ་ནས་སྐབས་འདིའི་ཉན་མཁན་སྐོར་ཞིག་གི་རེ་འདོད་ལྟར། ཁོས་གཏམ་སྐབས་འོས་སྦྱར་བའི་གློག་བརྙན་དག་རེ་རེ་བཞིན་ཡིག་པར་གྱི་རྣམ་པས་འདིར་འགོད།

   ཨ་རིའི་འཁྲབ་ཁྲིད་པ་གྲགས་ཅན་ཁོན་ཐེན•ཐ་ལོན་ལགས་ཀྱི་བྷེ་ཨར་བསད་པ杀死比尔ལྟ་བུ། གློག་བརྙན་འདིའི་ལེའུ་དང་པོའི་ཁྲོད་ནག་ཚོགས་ཀྱི་མོ་ཊ་བཞུར་རྒྱུན་དང་མཉམ་དུ་གྲག་པའི་རོལ་དབྱངས་ཀྱི་མཛེས་པ་དང་ཉི་ཧོང་གི་བུད་མེད་ཀྱི་རྐང་སེན་གྱི་རྩི་དམར་པོར་ཆེད་ཀི་བརྙན་མིག་ཅིག་ཡོད་པ་དེར་དྲག་སྤྱོད་དང་བུད་མེད་མྱི་མཛེས་པ་མངོན་གསལ་ར་སྤྲོད་བྱས་འདུག མ་ཟད་དགྲ་ཤ་ལེན་མཁན་གྱི་བུད་མེད་དང་ཉི་ཧོང་གི་བུད་མེད་གཉིས་ཀྱིས་དྲག་རྩལ་འགྲན་པའི་སྐབས་ཆུ་ཐིགས་གཅིག་དལ་བུ་ལྷུང་བ་དེས་ཕྱོགས་གཅིག་ནས་སྲོག་ཉེན་ལ་འཕྲད་པའི་སྐབས་དུས་ཚོད་ཀྱི་རིན་ཐང་དང་གཞན་ཞིག་ནས་ཡང་ཞི་འཇགས་མཚོན།

  (ཕྱོགས་ཆེ་ས་ནས་བཤད་ན་གློག་བརྙན་སྒྱུ་རྩལ་འདི་པར་རིས་སམ་པར་མིག་སྒྱུ་རྩལ་镜头语言རེད་བརྫས་ན་ཆོག་གཔར་རིས་ཀྱིས་དོན་གཞན་པ་སྟོན་ཐུབ་པ་ཡང་ན་མི་སྣའི་སྐད་ཆ་མ་བཤད་ཀྱང་པར་རིས་ཀྱིས་མཚོན་ཐུབ་པ་ལྟ་བུ།འདི་ཡང་པར་རིས་སྒྱུ་རྩལ་གྱི་འགུག་ཤུགས་ཆེན་པོ་ཞིག་རེད།སྒྱུ་རྩལ་གྱིས་སྐད་ཆ་འཆད་ཐུབ་པ་ལྟ་བུ།པར་རིས་ལ་མཚོན་སྟོབས་ཆེ་བ་དེར་ཡང་གློག་བརྙན་གྱི་སྒྱ་རྩལ་རེད།དཔེར་ན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱི་ལག་དམར«撞死了一只羊»སྟེང་ནས་བཤད་ན་པར་རིས་མཚོན་ཐབས་ཤུགས་ཆེ་བ་དང་སྒྱུ་རྩལ་གྱི་སྐད་ཆ་བརྗོད་ཐུབ།པར་རིས་གཉིས་སུ་མི་གཤིས་མཚོན་པ་དང་ཡང་ན་རྨི་ལམ་མཚོན་པ་ལྟ་བུ།

  ༢ སྒྱུ་རྩལ་གྱི་རང་བཞིན་ཆེ་བ་དང་འཁྲབ་ཁྲིད་པའི་ནང་སེམས་མཚོན་བྱེད་ཐུ་གོར•བྷོ་གི་མེན་ལགས་ཀྱི་ཕྱུག་ཕྱུང་མའི་ཆུ་མིག«处女泉»ངོ་སྤྲོད་བྱེད་ཆོགགློག་བརྙན་འདི་ཡིན་ན་ཡུལ་ལྗོངས་ངོ་མཚར་བ་དང་གློག་བརྙན་གྱི་སྒྲོམ་རྒྱ་ཆེན་པོ་མེད་མོད།ཆོས་ཁང་ཞིག་དང་ཞིང་ར། རང་བྱུང་ཁམས་ཀྱི་ཡུལ་ལྗོངས་མ་གཏོགས་མང་པོ་མི་འདུག གྱོན་གོས་ཡིན་ན་དུས་རབས་དཀྱིལ་མའི་གྱོན་གོས་རེད།གློག་བརྙན་ཀྱང་མཚོན་མདོག་མེད་པའི་གློག་བརྙན་རེད། གློག་བརྙན་འདི་ཡིན་ན་སྤྱིར་བཏང་གི་ཁྱིམ་ཚང་ཕལ་བ་ཞིག་གིས་ཞིང་ལས་གཉེར་གྱིན་པ་མ་ཟད་ཁོང་ཚང་གནམ་བདག་ཆོས་ལུགས་ལ་ཧ་ཅང་དད་པས་ཞོགས་དུས་གསོལ་བ་བཏབ་ཚར་རྗེས།དེ་ཚང་ལ་གྲོང་པའི་གྱོན་གྱིས་མ་བགོས་པའི་བུ་མོ་ཕྱུག་ཕྱུང་མ་ལྷ་ཁང་ནང་ལ་མར་མེ་འཇོག་ན་སོང་མོད།ལམ་བར་དུ་སྐྱག་པ་གསུམ་གྱིས་བཙན་གཡེམ་བྱེད་པ་མ་ཟད་བུ་མོ་བསད། ཕྱིར་ཡོང་དུས་སྐྱག་པ་དེ་ཚོའི་བུ་མོའི་གྱོན་པ་བཙོང་དུས་ཁོའི་ཕ་རྒན་གྱིས་ཤེས་རྗེས་སྐྱག་པ་དེ་ཚོ་བསད་རྗེས་བུ་མོའི་ཤི་རོ་ལེན་སྐབས་ཆུ་མིག་གཅིག་གཏོར་པས།ཆུ་མིག་དེ་གཏོར་བས་སྒྱུ་རྩལ་བ་ཁོང་ཡིན་ན་ལྷ་ལ་དད་པ་དང་ཆུ་མིག་སློང་མོད། ཆུ་མིག་དེས་ཡང་བུ་མོ་དེའི་དྭངས་གཙང་དང་དྲི་མ་མེད་པ་མཚོན་མོད།གློག་བརྙན་འདིར་མཚོན་ན་ལྷ་ལ་དད་པ་དང་ལྷ་ལ་བཀུར་བ་མཚོན་ཡོད་སྙམ། ཡང་འུ་ཅག་ཡིན་ན་གསར་རྙིང་གྱི་འདུ་ཤེས་མི་འཛིན་པར་གློག་བརྙན་རྩོམ་མཁན་དག་གིས་ཆོས་ལུགས་ཀྱི་མཛེས་པ་དང་དད་པའི་སྟོབས་ཤུགས་མཚོན་ཐུབ་ན་ཡག་གི

  ༣ འདིའི་ཕྱོགས་ནས་རྒྱ་གར་གྱི་གློག་བརྙན་འཁྲབ་ཁྲིད་པ་ཧྥ་རན་སིའི་སྤྱི་འབངས་ཕན་ནཱ་ལེན་ལགས་ཀྱིSamsaraསྟེང་ནས་ང་ཚོ་ལ་ལེན་རྒྱུ་མང་པོ་འདུགསངས་རྒྱས་བཅོམ་ལྡན་འདས་ཁྱིམ་ནས་ཁྱིམ་དུ་རབ་ཏུ་བྱུང་ནས་སྲིད་པ་འཇིག་རྟེན་དང་ཞུ་བ་སྙིང་འདས་བར་གྱི་ལམ་འདིར་འགལ་རྐྱེན་མང་པོ་འཕྲད་པའི་སྐབས་ཐོབ་པའི་གོ་རྟོགས་གློག་བརྙན་གྱི་ལམ་ནས་མཚོན་ཡོད་ནོ།སྟོན་པའི་གློག་བརྙན་གཞན་དང་མི་འདྲ་བར་འཁྲབ་ཁྲིད་པ་ཡང་ན་འཁྲབ་གཞུང་རྩོམ་མཁན་ཁོང་གིས་མི་རྟག་པ་དང་སྐྱེ་འཆི།འཁོར་བ་རྟིང་ཟབ་ས་ནས་འདང་རྒྱག་ཡོད་པ་འདྲ།འུ་ཅག་བོད་ཡིན་ན་འདིའི་སྐོར་གྱི་གློག་བརྙན་མེད་པ་འདྲ།ཆུ་ཐིགས་གཅིག་མི་འགྱུར་རྟག་བརྟན་ཏུ་གནས་དགོས་ན་རྒྱ་མཚོ་དང་འདྲེས་པར་འགྱུར་བ་ལྟ་བུ་དང་།སངས་རྒྱས་ཤཀྱཱ་ཐུབ་པ་ཁོང་རིག་སངས་རྒྱས་པའི་སྐབས་བཙུན་མོ་དང་སྲས་བུ་ལ་འདང་རྒྱག་མྱོང་མེད་སོགས་དྲི་བ་ཆེན་པོ་དག་འཁྲབ་ཚིག་གི་ལམ་ནས་འཁྲབ་པ་ལྟ་བུ།
 

  ༤ ཡང་ལ་ལས་གློག་བརྙན་ཡིན་ན་མིའི་བདེན་བཟང་མཛེས་གསུམ་གློག་བརྙན་དུ་ཕབ་ན་ལེགས་པ་དང་མིའི་རང་གཤིས་ངོ་མ་བོ་སྡུག་རྩུབ་དང་སྐྱུགས་བྲོ་བའི་ཆ་དེ་མ་མངོན་ལ་ཡག་ཟེར་བ་ཡོད་མོད།འོན་ཀྱང་འུ་ཅག་གིས་ལོ་རྒྱུས་དང་འཛམ་གླིང་འཁྲུག་ཆེན་ཐེངས་དང་པོ་དང་གཉིས་པ།འཇིག་རྟེན་འདིར་ཆག་སྒོ་དང་མི་ལེགས་པའི་སྤྱོད་པ་ཚང་མ་ཕལ་ཆེ་བ་མིའི་བསྐྲུན་པ་འདྲ།འདིའི་ཐད་ཀྱི་ངས་ཁྱེད་ཚོར་སོ་རྡོ་མ་ཉི་མ་བརྒྱ་དང་ཉི་ཤུ«索多玛120天»ཞེས་པའི་གློག་བརྙན་འདི་ཅིག་བཤད།གློག་བརྙན་འདི་ཡིན་ན་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་དབྱི་ཐ་ལིའི་ས་ལོ་ཞེས་པའི་རྒྱལ་ཁབ་ནས་གཞོན་ནུ་ཉེས་མེད་ཉི་ཤུ་ལྷག་བཙན་བཟུང་བྱས་ཁྲིད་ཡོང་ལ།ཁོ་ཚོ་ལ་ནམ་རྒྱུན་མི་ཆོས་ཀྱི་ཀུན་སྤྱོད་ལས་བརྒལ་བའི་སྦྱོང་བརྡར་སྣ་ཚོགས་བྱེད།དེ་ལྟར་ཁོ་ཚོར་མནར་གཅོད་གཏོང་མཁན་གྱི་འདྲེན་པོ་ནི་རྒན་ལ་བཞི་ཡིན།ཁོ་ཚོའི་ཆོས་དཔོན་དང་སྲིད་འཛིན་གྱི་མིང་ཁུར་ནས་གཞོན་ནུ་དེ་ཚོར་ཚད་མེད་ཀྱི་ཁྲེལ་མེད་ཀྱི་མནར་གཅོད་གཏོང་བ་ཞིག་ཡིན་ལ།གཅིག་བྱས་ན་སྐབས་དེའི་ཧྥ་ཤེ་སིའི་སྤྱི་ཚོགས་ལ་ཟུར་ཟ་བྱས་པ་དང་ཡང་གཞན་ཞིག་ནས་སྒྱུ་རྩལ་པས་མི་ཞེ་ན་སྐེ་ལ་ལྕགས་ཐག་བརྒྱབ་ནས་སྲང་ནས་གཅེར་བུར་ཁྲིད་ན་ངོ་ཚ་མེད་པ་དང་སྤོབས་པ་མེད་པ།མི་འདི་མ་གཞི་ནས་ཅོལ་ཆུང་།ཁྲེལ་མེད།བརྡར་མ་ཡིན་པར་མཚོན་ན་ཐང་།གློག་བརྙན་འདི་ཅན་པོ་མང་པོ་ལྟ་མ་མྱོང་མཁན་ཚོའི་གློག་བརྙན་འདི་རིགས་ལ་བལྟས་ན་རང་ཉིད་ལ་ཐེ་ཚོམ་སྐྱེས་པ་དང་ཡང་ན་མི་ཆོས་ཞེས་པར་འདིར་དོགས་སློང་མང་པོ་བསྐྱེད་སྲིད།

  ༥ དེ་ནས་རྒྱལ་ཁབ་དང་རྒྱལ་ཁབ།མི་རིགས་མང་པོར་མཚོན་ན་ཕོ་དབང་མཐོ་བ་དང་མོ་དབང་ཀྱི་ཤུགས་ཉམས་ཆུང་བ་ཡིན་ལ།སྤྱིར་ཕོ་དབང་དང་མོ་དབང་འདྲ་མཉམ་མིན་ན་སྤྱི་ཚོགས་བརྟན་སྲུང་མིན་པ་དང་དབང་ཤུགས་དང་བརྟན་ཚིགས་ཀྱི་ནུས་པ་ཁེར་མོ་ནས་མགོ་འཁོར་ན་ཞི་དུལ་གྱི་གཤིས་ཀ་དང་ཚོར་བ་ཉམས་འགྲོ་བའི་ཉེན་ཁ་ཡོད་སྲིད།ལྷག་པར་དུ་འུ་ཅག་བོད་ལ་མཚོན་ན་རྩོམ་རིག་དང་གློག་བརྙན་ཁྲོད་མོ་དབང་མཚོནཔའི་བརྙན་མེད།འདིའི་ཐད་ནས་འཁྲབ་ཁྲིད་ལ་གྲགས་ཅན་ལ་སི•བན་ཐེ་འུར་ལགས་ཀྱི་ཆགས་སྨྱོན་དུ་སོང་བའི་བུད་མེད«女性瘾者»འདིའི་ནང་ནས་གཙོ་བོ་སྐྱེས་པའི་བརྟན་ཚུགས་ཀྱི་འཇིག་རྟེན་ཉམས་ཆུང་བ།སྐྱེས་པས་བརྟན་ཚུགས་ཀྱིས་མཚོན་ཆ་བྱས་པ་དང་བུད་མེད་ཀྱིས་ལུས་པོས་མཚོན་ཆ་བྱས་པ་ཡིན་ལ།མདོར་ན་བརྟན་ཚུགས་དང་ལུས་པོ་གཉིས་ཀྱི་འགལ་བའི་སྐོར་བཤད་འདུགཡང་ན་དེ་གཉིས་ཀྱི་ཁྲོད་ལུས་པོ་རྒྱལ་འགྲོ།་དེ་མ་ཟད་མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མ་གཉིས་བཤད་ཡོད་མོད།དེ་གཉིས་ཀྱི་ནང་ནས་མངོན་སུམ་ཚད་མ་སྟོབས་ཆེ་བ་བཤད་འདུགའདི་ཡིན་ན་མོ་དབང་རིང་ལུགས་ཀྱི་བརྙན་རེད་ཟེར་ན་མི་ཆོག་རྒྱུ་མེད་ཁུ།

  ༦ པར་རིས་མཚོན་སྟོབས་ཤུགས་ཆེ་བ་ཨེ་་་ཨར་ལན་གྱི་བརྩེ་བ«爱»ལས་འཁྱུར་ངལ་གསོ་བྱས་པའི་རོལ་མོ་བ་རྒན་་འཁོགས་གཉིས་རྒ་བའི་སྡུག་བསྔལ་གྱིས་མནར་བས་རྒན་མོ་དེ་མོ་རང་གི་ཁྱོ་ག་མ་གཏོགས་མཐའ་ན་རང་གི་བུ་མོར་སྟོན་མ་བསམ་པས་རྒན་པོས་རྒན་མོའི་ལ་རྒྱ་ཆེད་དུ་མོ་རང་བསད།སྤྱིར་ཡིན་ན་བྱུང་རིམ་ཐད་ནས་རྒན་་པོ་འདི་ཉེས་ཅན་ཡིན་ན་འགྲིག་མོད། འོན་ཀྱང་གློག་བརྙན་གྱི་སྒྱུ་རྩལ་ཡང་ན་པར་རིས་སྒྱུ་རྩལ་གྱི་མཚོན་ཐབས་ཤུགས་ཆེ་བས་རྒན་མོ་དེ་ལྟར་ཤིན་འགྲིག་སྙམ། དེའི་ནང་ནས་ང་རང་ལ་མཚོན་ན་པར་རིས་ཀྱི་མཚོན་ཐབས་ཤུགས་ཆེ་བ་ནི་རྒན་མོ་ཤི་རྗེས་རྒན་པོ་སྒོར་སོང་མོད། མངོན་སུམ་ནས་སྒོར་སོང་བ་ཡིན་མོད། ཤུགས་བསྟན་གྱི་དོནཁོ་ཡང་རྒན་མོའི་རྗེས་སུ་འཆི་རུ་སོང་བ་དང་ཤི་སོང་བ་མཚོན་ཐུབ། གློག་བརྙན་འདིས་ང་རང་ལ་དངོས་གནས་ཡིད་སེམས་འགུལ་་མྱོང་པའི་གློག་བརྙན་འདི་འདྲ་མང་པོ་ཡོད་ན་སེམས་གསོ་རེད་སྙམ། སྤྱིར་གློག་བརྙན་སྒྱུ་རྩལ་ཡིན་ན་ངེས་པར་དུ་ཁྲ་ཁྲ་རིག་རིག་ཡིན་དགོས་དོན་མི་འདུག གཏམ་རྒྱུད་སྟབས་བདེ་དང་་མཚོན་དོན་ཤུགས་ཆེ་བའི་པར་རིས་ཀྱིས་བཤད་ཐུབ་ན་གློག་བརྙན་སྒྱུ་རྩལ་མངོན་ཐུབ་གི སྔ་མར་སྤེལ་བའི་རྩོམ་ཞིག་ཏུ་«སྤོས་ཆུ»香水འོས་སྦྱར་འདུགད་རེས་ཀྱི་གཏམ་བཤད་དེར་གློག་བརྙན་འོས་སྦྱར་ཚུལ་ལ་བལྟས་ན། ཁོའི་གློག་བརྙན་འདི་དག་སྤྱིར་བཏང་དྲ་ཐོག་ནས་རྙེད་དཀའ་བ་དང་བཀག་ཡོད་པའི་སྐོར་རེ་གཉིས་ཀྱང་ཚུད་པས།གལ་ཏེ། གློག་བརྙན་ལ་དབྱིངས་ཞུགས་མེད་མཁན་དང་གློག་བརྙན་ལ་ཐོག་དང་པོར་འཇུག་གིན་པ་ཞིག་ཡིན་ཚེ།ཕལ་ཆེར་གློག་བརྙན་འདི་དག་གོ་མྱོང་མེད་ངེས། དེ་བས་ཁོའི་ད་རེས་ཀྱི་འོས་སྦྱོར་གློག་བརྙན་འདི་དག་ལ་འགྲན་སློང་གི་ཆ་ངེས་ཅན་འདུག

  གོང་དག་ནི་གཏམ་བཤད་སྐབས་དེར་འོས་སྦྱར་པའི་གློག་བརྙན་དག་རེད།དུས་ཚོད1རིང་ཉན་མི་800འབྱོར་ཅིང་།

  ཀུན་ནས་དགའ་བསུའི་རྣམ་འགྱུར་ཀྱང་ཆེས་ཆེར་བསྟན་སོང་།

དཔྱད་མཆན་ཡོད།