གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭར་དངོས་བྲིས་གློག་བརྙན་འགྲེམ་སྟོན།

སྤྱི་ལོ་༢༠༢༠ལོའི་ཟླ་༧ཚེས་༡༨ཉིན་གྱི་སྔ་དྲོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་གྱི་ལིང་འཇིགས་མེད་ལགས་དང་གློག་བརྙན་འཕྲིན་ཆེད་སྦྱོང་གི་དགེ་རྒན་ཝུའུ་ཆིས་ཧོས། འཇམ་གློག་བརྙན་འཕྲིན་ཆེད་སྦྱོང་འཛིན་གྲྭའི་སློབ་བུ་འགའ་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭར་སོང་སྟེ་སློབ་མ་རང་རང་ཚོའི་དངོས་བྲིས་གློག་བརྙན་དག་འགྲེམ་སྟོན་དང་མཚམས་སྦྱོར་བྱས། 

 ད་རེས་འགྲེམ་སྟོན་བྱ་འགུལ་ལ་ཞུགས་པའི་བརྩམས་ཆོས་དག་ནི། སློབ་བུ་གཅོད་པའི་༼འབྲོག་༽དང་། སློབ་བུ་བཙན་ཆེན་གྱི་༼འགྲོས།༽ སློབ་བུ་བཀྲ་ཤིས་ཚེ་རིང་གི་༼རྣ་སྐུད།༽ སློབ་བུ་རྡོ་རྗེ་བསམ་གྲུབ་ཀྱི་༼རྟའུ། ༽ སློབ་བུ་ཆོས་ཉིད་རང་གྲོལ་གྱི་༼གཡང་དཀར་ལུག་རྫི།༽ སློབ་བུ་འཇིགས་མེད་བསྟན་དར་དང་དཀོན་མཆོག་རྒྱ་མཚོ་གཉིས་ཀྱི་༼མཐར་ཕྱིན་པའི་ཁྱེད་ཚོ་༽སོགས་རེ་རེ་བཞིན་གཟིགས་འབུལ་ཞུས་པར་དེར་འདུས་ཚང་མས་དགའ་བསུ་ཚད་མེད་བྱས།

 དེ་ནས་དགེ་རྒན་གྱི་ལིང་འཇིགས་མེད་ལགས་ཀྱིས་དུས་ཡུན་ཐུང་ཐུང་ཞིག་གི་ནང་གཙོ་བོ་སློབ་གླིང་གི་ཆེད་སྦྱོང་སློབ་བུ་རྣམས་ལ་དམིགས་ཏེ་མཛུབ་སྟོན་གྱི་ཚུལ་དུ་ཁོང་སྐུ་དངོས་སུ་ས་གནས་མང་བོར་ཕེབས་ཏེ་བརྙན་ཕབ་བྱས་པའི་དངོས་བྲིས་གློག་བརྙན་༼ཚ་གསུར་༽བྱས་པ་གཟིགས་འབུལ་ཞུས། 

 མཇུག་ཏུ་དགེ་རྒན་གྱི་ལིང་འཇིགས་མེད་ལགས་ཀྱིས་ཁོང་རང་ཉིད་ཀྱི་བརྩམས་ཆོས་༼ཚ་གསུར་༽ཞེས་པའི་དངོས་བྲིས་གློག་བརྙན་དང་འབྲེལ་ཏེ་དངོས་བྲིས་གློག་བརྙན་གྱི་གལ་ཆེའི་དགེ་མཚན་མདོར་སོགས་བསྡུས་ཀྱིས་གསུངས་ཤིང་། སློབ་གྲོགས་ཚང་མས་ཀྱང་རང་ཉིད་ཀྱི་ཉེ་འཁོར་ན་གནས་ཤིང་འཇིགས་ཉེན་ཆེ་བའི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་རིགས་གནས་སོགས་ཀྱིས་མཚོན་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དངོས་བྲིས་གློག་བརྙན་ལེན་རྒྱུའི་རེ་འདུན་དང་བཅས་བྱ་འགུལ་ལེགས་པར་མཇུག་བསྡུས་སོ།།

111.jpg

77.jpg

Jietu20200721-235545@2x.jpg

དཔྱད་མཆན་ཡོད།